logo

ཧུང་ཡོན་རྫོང་སློབ་གསོ་སྡེ་ཁག་གིས་གློག་རྡུལ་སྨྱན་གཟུགས་ཀྱི་ལག་ལེན་ཟབ་སྦྱོང་བྱས་པ།

རྩོམ་པ་པོ།:རྡོ་རྗེ་སེམས་དཔའ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-15 ཀློག་གྲངས།:


ཧུང་ཡོན་རྫོང་སློབ་གསོ་ཅུའུ་སློབ་གསོ་སྡེ་ཁག་གི་གློག་རྡུལ་སྨྱན་གཟུགས་ཀྱི་ལག་ལེན་ཟབ་སྦྱོང་འཛིན་གྲྭ།

          ཟླ11པའི་ཚེས12ཉིན། ཧུང་ཡོན་རྫོང་སློབ་གསོ་ཅུའུ་ཡིས་སློབ་གསོ་སྡེ་ཁག་གི་གློག་རྡུལ་སྨྱན་གཟུགས་ཀྱི་ལག་ལེན་ཟབ་སྦྱོང་འཛིན་གྲྭ་བཙུགས་ནས། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་རྐང་འཛིན་དགེ་རྒན140ལྷག་ལ་གློག་རྡུལ་སྨྱན་གཟུགས་ཀྱི་འབྲེལ་ཡོད་ཤེས་བྱ་དང་ལག་ལེན་རྣམ་གཞག་དངོས་སུ་ཟབ་སྦྱོང་བྱས་པ་རེད། 
          ཧུང་ཡོན་རྫོང་སློབ་གསོ་ཅུའུ་ཡིས་ཁྱོན་ཡོངས་ནས་རྒྱ་ཆེའི་དགེ་རྒན་རྣམས་ཀྱི་དེང་རབས་སློབ་གསོའི་ནུས་རྩལ་གྱི་ལག་ལེན་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ནུས་པ་ཡོད་དགུས་ལག་རྩལ་གསར་བ་དང་སྨྱན་ཆས་གསར་བ་དག་སློབ་གསོ་སློབ་ཁྲིད་ཀྱི་ཁྲོད་དུ་ཁྱབ་གདལ་དང་བེད་སྤྱོད་བྱེད་ཐུབ་པ་དང་། དགེ་རྒན་རྣམས་ཀྱིས་གློག་རྡུལ་སྨྱན་གཟུགས་ཀྱིས་ཁྲིད་ཆས་ཇུས་འགོད་བྱེད་པའི་ཆུ་ཚད་མཐོར་འདེགས་འབྱུང་ཆེད། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཡོངས་ལ་གློག་རྡུལ་སྨྱན་གཟུགས320སྤྲད་ཡོད་པ་རེད། 
          གློག་རྡུལ་སྨྱན་གཟུགས་དེ་རྫོང་དེར་ཐོག་མར་སྒྲིག་འབྱོར་བྱས་པ་མ་ཟད་དགེ་རྒན་རྣམས་ཀྱིས་ཀྱང་ཐོག་མར་སྔོན་ཐོན་གྱི་སློབ་ཁྲིད་ཁྲིད་ཆས་འདི་ལག་ལེན་བྱས་པ་ཡིན་པས་བཀོལ་སྤྱོད་ལག་རྩལ་ཧ་ཅང་ཞན་ཞིང་འབྲེལ་ཡོད་ཤེས་བྱ་ཤིན་ཏུ་དཀོན་པ་རེད། དཀའ་གནད་དེ་དག་སེལ་ཆེད། རྫོང་སློབ་གསོ་ཅུའུ་ཡིས་སློབ་གྲྭ་ཆུང་འབྲིང་སོ་སོ་ནས་རྐང་འཛིན་དགེ་རྒན140ལྷག་རྩ་འཛུགས་བྱས་ནས་ཟབ་སྦྱོང་འཛིན་གྲྭ་འདི་ཆེད་དུ་བཙུགས་པ་རེད། 
          རྒྱུས་ལོན་བྱས་པ་ལྟར་ན། གློག་རྡུལ་སྨྱན་ཆས་ནི་མཉེན་ཆས་གློག་རྡུལ་བལྟོས་འབྱུང་པང་གཞི་དང་མཁྲེགས་ཆས་གློག་རྡུལ་བལྟོས་འབྱུང་པང་གཞིའི་མ་ལག་གཉིས་ལས་གྲུབ་པ་དང་། དེ་ནི་སྲོལ་རྒྱུན་གྱི་ནག་པང་དང་། རྩིས་འཕྲུལ། བཪྙན་སྤྲོ་ཆས་སོགས་ཀྱི་ནུས་པ་གཅིག་ལྕོགས་སུ་ཡོད་ཅིང་བེད་སྤྱོད་བྱས་ན་ཧ་ཅང་སྟབས་བདེ་བ་ཞིག་ཡིན་ལ། ཆ་འཕྲིན་ལག་རྩལ་དང་བསླབ་ཚན་གཞི་གཅིག་ཏུ་བསྒྲིལ་བའི་ལག་རྩལ་གསར་བ་དང་སློབ་གསོ་སློབ་ཁྲིད་ཀྱི་གར་སྟེག ས་གསར་བ་ཞིག་ཀྱང་ཡིན་པས།  སློབ་ཁྲིད་ཀྱི་ཁྲོད་དུ་བླ་ན་མེད་པའི་སློབ་ཁྲིད་རམ་འདེགས་ཀྱི་ནུས་པ་ཐོན་ཐུབ་པ་ རེད། 
          གློག་རྡུལ་སྨྱན་གཟུགས་ཀྱི་ནུས་པ་བརྒྱུད་ན་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་ཆེས་ཆེར་སློང་ཐུབ་པ་དང་། རང་འགུལ་ནུས་པ་དང་རང་ཚུགས་ཀྱི་ནུས་པ་སྔར་ལས་ལྷག་པར་སྔོག་འདོན་བྱེད་ཐུབ་ལ། ད་དུང་དགེ་རྒན་གྱི་སློབ་ཁྲིད་དང་སློབ་མའི་སློབ་སྦྱོང་། དགེ་སློབ་བར་གྱི་འབྲེལ་འདྲིས་རམ་འདེགས་སོགས་ཕྱོགས་ཡོངས་སུ་གྲུབ་འབྲས་མངོན་གསལ་གྱིས་མཐོ་ཞིང་ཕན་ཐོགས་དཔག་མེད་ཡོད་པས།  འདི་ནི་གློག་རྡུལ་སྨྱན་གཟུགས་ཀྱིས་སློབ་ཁྲིད་ལེགས་བསྒྱུར་གྱི་ཐད་ལ་བཏོན་པའི་རིན་ཐང་གཞལ་ཏུ་མེད་པའི་ཁྱད་ཆོས་རེད།
          ཟབ་སྦྱོང་ལ་ཞུགས་པའི་དགེ་རྒན་ཚེ་རིང་རྒྱལ་གྱིས་དགའ་སྤྲོའི་འཛུམ་མདངས་དང་བཅས་ཏེ་བཤད་རྒྱུར། གློག་རྡུལ་སྨྱན་གཟུགས་ཀྱིས་དགེ་སློབ་གཉིས་ཀར་སློབ་ཁྲིད་བརྒྱུད་རིམ་ཁྲོད་དུ་ཞུགས་པ་དང་ཕན་ཚུན་རམ་འདེགས་བྱེད་པར་སྟབས་བདེའི་ཆ་རྐྱེན་བསྐྲུན་ཡོད་པ་དང་། དེས་སློབ་ཁྲིད་ནང་དོན་གྱི་ཕྱོགས་ཆ་ཚང་བར་འདྲེན་ཐུབ་པ་མ་ཟད་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་དང་རང་འགུལ་ནུས་པ། མཉམ་སྒྲུབ་འདུ་ཤེས་བཅས་གསོ་སྐྱོང་བྱེད་ཐུབ་པ་དང་། ད་དུང་སློབ་ཁྲིད་བརྒྱུད་རིམ་ཧྲིལ་བོ་ཟིན་བྲིས་ཉར་ཚགས་དང་སློབ་ཐུན་རྣལ་མའི་ཇུས་གཞི་ལེགས་པོ་རྒྱུན་འཛིན་བྱེད་ཐུབ་པ་རེད་ཟེར།


འབྲེལ་ཡོད་འོས་སྦྱོར།