མཚོ་སྔོན་ཞིང་ཆེན་གྲུབ་འབྲས་ཞིབ་བཤེར་རུ་ཁག་གིས་མཚོ་ལྷོའི་སློབ་གསོ་བྱ་བར་གཟིགས་ཞིབ་བྱས་པ།
ཞིང་གཙོ་གཞོན་པ་སྟག་འབུམ་ཐར་དང་། དམངས་ཆེན་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གྱིས་ཁུལ་
དཔོན་གཞོན་པ་ཚེ་རིང་ཐར་དང་སློབ་གཙོ་རིན་ཆེན་དོན་འགྲུབ་ཀྱི་སྙན་ཞུ་ལ་གསན་པ།
ཟླ11པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་གཙོ་གཞོན་པ་སྟག་འབུམ་ཐར་དང་། དམངས་ཆེན་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་སོགས་བསྡོམས་པས་མི100ལྷག་གིས་གྲུབ་པའི་ཞིང་ཆེན་ཡོངས་ཀྱི་གྲུབ་འབྲས་ཞིབ་བཤེར་རུ་ཁག་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པརགསོང་ནས་བྱ་བར་ཁྲིད་སྟོན་དང་གཟིགས་ཞིབ་བྱས་པ་རེད།
ཁུལ་ཡོངས་སུ་ཐེངས་འདིའི་ཞིབ་བཤེར་གཟིགས་ཞིབ་བྱ་བར་མཐོང་ཆེན་ཆེན་པོ་བྱེད་ཀྱི་ཡོད་ཅིང་། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁྲི་ཀ་རྫོང་ཨུ་དང་རྫོང་སྲིད་གཞུང་། དེ་མིན་ཁུལ་དང་རྫོང་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གི་འབྲེལ་ཡོད་འགོ་ཁྲིད་རྣམས་ཡུལ་དངོས་སུ་བཀོད་འདོམས་དང་རྩ་འཛུགས་ནན་མོ་བྱས་པ་དང་། སློབ་གཙོ་རིན་ཆེན་དོན་འགྲུབ་ཀྱིས་སློབ་གྲྭའི་འགོ་ཁྲིད་ཚན་ཆུང་དང་ལྷན་དུ་ཕྱོགས་སོ་སོར་གྲ་སྒྲིག་ལེགས་པོ་བགྱིད་དེ་བསྡོམས་པས་འགྲེམ་པང36བཀྲམ་པ་དང་འགྲེལ་བཤད་པ8བཀོད་སྒྲིག་བྱས།
སློབ་མའི་འགྲེལ་བཤད་པས་གསར་བཙུགས་སློབ་གྲྭ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་
གཉིས་པའི་འཛུགས་སྐྲུན་ཁང་བའི་གནས་ཚུལ་མཚམས་སྦྱོར་བྱེད་བཞིན་པ།
ཞིབ་བཤེར་བྱེད་པའི་གོ་རིམ་ཁྲོད་དུ། ཁུལ་དཔོན་གཞོན་པ་ཚེ་རིང་ཐར་གྱིས་ཞིང་ཆེན་རིམ་པའི་འགོ་ཁྲིད་རྣམ་པར་མཚོ་ལྷོ་ཁུལ་གྱི་སློབ་གསོ་ཕྱོགས་བསྡུས་བཅོས་བསྒྱུར་དང་། སློབ་གསོ་སྒྲིག་གཞི་ལེགས་སྒྲིག་བྱེད་ཚད་དང་དེའི་གྲུབ་འབྲས་སོགས་ཀྱི་སྐོར་སྙན་ཞུ་ཕུལ་ཞིང་། སློབ་གཙོ་རིན་ཆེན་དོན་འགྲུབ་ཀྱིས་གསར་བཙུགས་སློབ་གྲྭ་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་དང་། འཛུགས་སྐྲུན་གྲ་སྒྲིག སྒྲིག་ཆས་སོགས་ཀྱི་གནས་ཚུལ་དང་། དེ་མིན་ལོ་འདི་འགའི་ནང་སློབ་གསོ་སློབ་ཁྲིད་ཀྱི་གྲུབ་འབྲས་སོགས་སྙན་ཞུ་མཛད། སློབ་མའི་འགྲེལ་བཤད་པ་བདུན་གྱིས་སྤྲོ་སེམས་འཁོལ་བའི་ངང་གསར་བཙུགས་སློབ་གྲྭའི་ཁང་བའི་མིང་གི་མཚོན་དོན་དང་། འཛུགས་སྐྲུན་རྒྱ་ཁྱོན། དེར་བཏང་བའི་མ་དངུལ་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་གནང་སྟེ་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་ཁས་ལེན་ཐོབ་པ་རེད།
ཞིང་གཙོ་གཞོན་པ་སྟག་འབུམ་ཐར་དང་། དམངས་ཆེན་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་
དངོས་སུ་སློབ་མའི་མལ་ཁང་དུ་ཕེབས་ཏེ་བྱ་བར་ཁྲིད་སྟོན་བྱེད་པ།
ཞིང་གཙོ་གཞོན་པ་སྟག་འབུམ་ཐར་གྱིས་གསུང་དོན། མི་རིགས་སློབ་མ་རྣམས་ཀྱི་རྒྱ་སྐད་སྒྲ་གདངས་གསལ་ཞིང་དག་པ་དང་། སློབ་མ་རྣམས་ཀྱིས་འགྲེལ་བཤད་བརྒྱབ་ན་ཁོ་ཚོའི་སྤོབས་པ་དང་ནུས་ཤུགས་སྦྱོང་བརྡར་བྱེད་ཐུབ་པ་མ་ཟད་དེང་སྐབས་མཐོ་འབྲིང་སློབ་མའི་རྣམ་པ་གསར་བ་མངོན་ཞིང་། འདི་ནི་མ་གཞི་ནས་སློབ་གསོའི་གྲུབ་འབྲས་ཤིག་ཏུ་ངེས་ལ། ཐབས་ལམ་འདིའང་གསར་གཏོད་ཅིག་རེད་ཟེར།
ཐེངས་འདིའི་ཞིབ་བཤེར་བྱ་བ་ནི་མཚོ་ལྷོ་ཁུལ་སློབ་གསོ་ཕྱོགས་བསྡུས་བཅོས་བསྒྱུར་ཁྲོད་ཀྱི་སྒྲིག་གཞི་ལེགས་བཅོས་བྱ་བའི་ཕྱོགངས་ཡོངས་ཀྱི་ཞིབ་བཤེར་གཟིགས་ཞིབ་ཅིག་ཡིན་པ་མ་ཟད། ཁུལ་ཡོངས་ཀྱི་སློབ་གསོ་སློབ་ཁྲིད་བྱ་བའི་ངོས་ལེན་ཆེན་པོ་ཞིག་ཀྱང་ཡིན། དེ་མིན་སློབ་གསོའི་བྱ་བ་གཉེར་མཁན་དག་ལ་བློ་སྤོབས་དང་། དུས་བབ་དང་བསྟུན་པ། གསར་གཏོད་ཀྱི་སྙིང་སྟོབས་སྩལ་ཞིང་སློབ་གསོ་བྱ་བ་མགྱོགས་མྱུར་གང་ལེགས་སྒོས་འཕེལ་པར་སྐུལ་ལྕག་གནང་བ་རེད།