logo

ཀན་ལྷོ་ཁུལ་གྱིས་སྐད་གཉིས་སློབ་གསོ་ལག་བསྟར་བྱས་ཏེ་སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ།

རྩོམ་པ་པོ།:ཚེ་རིང་རྒྱ་མཚོ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-11-12 ཀློག་གྲངས།:

         སྐད་གཉིས་སློབ་གསོ་ལག་བསྟར་བྱས་པ་ལས་ས་དེའི་བོད་རིགས་འདུས་སྡོད་ཁུལ་ཀྱི་སློབ་གསོ་ཁྲོད་གནས་བའི་དགེ་སློབ་བར་གོ་བརྡ་མི་འཕྲོད་པ་དང་།  སློབ་གསོའི་ཕན་ནུས་ཅུང་དམའ་བའི་གནས་བབ་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་པས།  རོང་འབྲོག་པ་མང་ཚོགས་རྣམས་ཀྱིས་རང་གི་བུ་བུ་མོ་སློབ་གྲྭ་སྐྱེལ་འདོད་བའི་སྤྲོ་སེམས་ལ་སྐུལ་འདེད་ཐོབ། 
         ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སློབ་གྲྭ་འགྲོ་རན་པའི་བྱིས་པ་སློབ་གྲྭ་ཞུགས་ཚུལ1994ལོའི65.9%ལས་མིག་སྔའི98.68%ལ་འཕར་སྣོན་བྱུང་། དུས་རབས་སྔོན་མའི་ལོ་རབས70དུས་མཇུག་ལ་ཀན་ལྷོ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་མཐར་ཕྱིན་སློབ་མའི་ཚད་དང་མཐུན་ཚུལ10%ཡས་མས་སུ་ཡོད་པ་དང་།  སྐད་གཉིས་སློབ་གསོ་འཕེལ་རྒྱས་སོང་བ་དང་བསྟུན།  ཁུལ་ཡོངས་སུ་རོང་འབྲོག་ཁུལ་གྱི་སློབ་གསོའི་རྒྱུ་སྤུས་ལོ་རེར་བདེ་བླག་ངང་མཐོར་འདེགས་འབྱུང་བཞིན་ཡོད། 
         མིག་སྔར།  ཀན་ལྷོ་ཁུལ་དུ་འོས་འགན་སློབ་གསོ་མྱོང་བཞིན་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཁྲི12ཁྲོད།  སློབ་མ་ཁྲི3ལྷག་གིས་རྒྱ་བོད་སྐད་གཉིས་ཀྱི་སྐད་གཉིས་སློབ་གསོ་མྱོང་བཞིན་ཡོད་པ་དང་།  སྐད་གཉིས་སློབ་གསོ་སྤེལ་བཞིན་པའི་སློབ་གྲྭ་ཆུང་འབྲིང158ཡོད་པས།  ཁུལ་ཡོངས་སུ་འོས་འགན་སློབ་གསོ་སྤེལ་བཞིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།