logo

སྐབས7པའི་ནང་བསྟན་མཐོ་རམས་པའི་ཡོན་གནས་གནང་བའམ་དབུ་བླ་གདན་ཞུའི་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-11 ཀློག་གྲངས།:


སྐབས་བདུན་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་གནང་བའི་རྒྱུགས་རིམ་ཁྲོད་
རྟགས་གསལ་གཏོང་བའི་རྒྱུགས་རའི་ཡུལ་དངོས། 
 

  ཉེ་སྔོན། སྐབས་བདུན་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་གནང་བའམ་རིམ་པ་དང་པོའི་དབུ་བླ་གདན་ཞུ་བྱེད་པའི་མཛད་སྒོ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་བསྡུས། ཉིན་དྲུག་རིང་དུ་རྟགས་གསལ་གཏོང་བ་དང་། ཆོས་ཁྲིད་གནང་བ། ཕར་ཕྱིན་དམ་བཅའ་འཇོག་པ་བཅས་རབས་དང་རིམ་པ་བརྒྱུད་མཐར། ཕུལ་དུ་བྱུང་བའི་དགེ་འདུན11དང་དབུ་བླ28ཀྱིས་རྒྱུགས་རིམ་ཡོངས་བརྒྱུད་ནས་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་དང་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དབུ་བླའི་ཐོབ་ཐང་ཐོབ་པ་རེད།


རྒྱུགས་རའི་ཟུར་ཞིག

  ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨར་ཏི་ནི་ཆོས་ཀྱི་རྒྱལ་པོས་མཐོ་རམས་པའི་ཡོན་གནས་ཐོབ་མཁན་དང་རིམ་པ་དང་པོའི་དབུ་བླ་རྣམས་ལ་མཇལ་ཁ་གནང་།
  ཟླ11པའི་ཚེས9ཉིན་མཐོ་རམས་པའི་ཡོན་གནས་གནང་བའམ་རིམ་པ་དང་པོའི་དབུ་བླ་གདན་ཞུ་བྱེད་པའི་མཛད་སྒོའི་སྟེང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་གཙོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ལགས་ཀྱིས་གྲྭ་བཙུན་རྣམས་ལ་ཤེས་ཡོན་དང་མཚན་སྙན་མཚོན་བྱེད་ཀྱི་མཐོ་རམས་པའི་ཡོན་གནས་འཛིན་ཡིག་གནང་བ་དང་། དབུ་བླ་རྣམས་ལ་ཐོབ་ཐང་འཛིན་ཡིག་གནང་བ་རེད།
  བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་ནི2004ལོར་བཙུགས་པ་ཡིན་ཞིང་། དེའི་དམིགས་ཡུལ་ནི་བོད་བརྒྱུད་ནང་བསྟན་ཆོས་སྡེའི་རྒྱུགས་ཡིག་ལེན་སྟངས་རྒྱུན་འཛིན་བྱས་པའི་སྟེང་དེང་སྐབས་ཀྱི་སློབ་གསོའི་ཐབས་ལམ་ཟུང་སྦྲེལ་སྒོས་བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་སུ་ཕུལ་དུ་བྱུང་བའི་གྲྭ་བཙུན་སྐྱེད་སྲིང་བྱ་རྒྱུ་དེ་ཡིན་ལ། མིག་སྔའི་བར་དུ་གྲྭ་བཙུན77ལ་མཐོ་རམས་པའི་ཡོན་གནས་གནང་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།