མཚོ་སྔོན་བོད་ཀྱི་རིག་གནས་ནི་ཐོན་སྐྱེད་དང་སློབ་སྦྱོང་གཞི་གཅིག་ཅན་གྱི་ལམ་བུ་གསར་བར་འདོང་བཞིན་པ།
《ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཀུན་འདུས་སེང་གེ་གཞོངས་ཀྱི་པོ་ཏི》
མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཡུག་ཡེ་ལགས་ཀྱིས་བོད་ཀྱི་རིག་གནས་ཀྱི་ད་ལྟའི་གནས་བབ་དང་། བོད་ཀྱི་རིག་གནས་སྔོག་འདོན་དང་ལེགས་སྒྲིག་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་ལ་བོད་ཀྱི་རིག་གནས་ཀྱི་ཐོན་ཁུངས་གྱ་ནོམ་པ་ཞིག་ཡོད་མོད་ཀྱང་། རིག་གནས་མང་པོ་ཞིག་དམངས་ཁྲོད་དུ་མངའ་བས། མི་རིགས་ཀྱི་རིག་གནས་འདི་དག་ལ་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པར་དཀའ་ཚེགས་ཆེན་མོ་བཟོས་ཤིང་། ཉེ་བའི་ལོ་ནང་མཚོ་སྔོན་གྱིས་འདིའི་ཐད་ལ་ཧུར་ཐག་ཆེན་པོ་བྱས་པར་བརྒྱུད་རེབ་གོང་རིག་གནས་ལྟ་བུའི་བོད་ཀྱི་རིག་གནས་འཛིན་སྤེལ་ལེགས་པོ་བྱེད་ཐུབ་པ་བྱུང་། ཁོང་གིས་བསྟན་དོན། ཐོག་མར་རིག་གནས་འདི་དག་ཕྱི་ཕྱོགས་སུ་ལེགས་པོར་སྤེལ་དགོས་ལ། དེ་ལྟར་བྱས་ན་ད་བཟོད་སྲུང་སྐྱོབ་དང་རྒྱུན་འཛིན་ལེགས་པོ་བྱེད་ཐུབ་པ་དང་། སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས་ཀྱི་ཐེངས་དྲུག་པའི་ཚང་འཛོམས་གྲོས་ཚོགས་སྟེང་རིག་གནས་ཀྱིས་སྒྲིག་གཞི་ལེགས་བཅོས་དང་རིག་གནས་ཀྱིས་རྒྱལ་ཁབ་དར་རྒྱས་སུ་གཏོང་དགོས་ཞེས་བཏོན། དེ་ནི་མཚོ་སྔོན་བོད་ཀྱི་རིག་གནས་དང་མི་རིགས་གཞན་གྱི་རིག་གནས་གོང་སྤེལ་གྱི་སྐལ་བཟང་ཞིག་ཡིན་ཞེས་བཤད་པ་རེད།
2005ལོའི་ཟླ8པར་ཀྲུང་གོའི་དམངས་ཁྲོད་ཤུལ་བཞག་རིག་གནས་མྱུར་སྐྱོར་བྱེད་པའི་ལས་གྲྭ་དེ་འགོ་ཚུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་སྔ་རྗེས་སུ《ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཀུན་འདུས་སེང་གེ་གཞོངས་ཀྱི་པོ་ཏི》དང《ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཀུན་འདུས་ཡུལ་ཤུལ་འཛོམ་ཉག་པོ་ཏི》རྩོམ་སྒྲིག་དང་པར་སྐྲུན་བྱས། དེ་ལས《ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཀུན་འདུས་ཡུལ་ཤུལ་འཛོམ་ཉག་པོ་ཏི》ལ་སྐབས62པའི་པཱན་ཉི་བྱ་དགའི་གསེར་གྱི་རྟགས་མ་ཐོབ།
འཛམ་གླིང་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་རུ་བཞག་པའི་རེབ་གོང་རིག་གནས་ནི་མཚོ་སྔོན་བོད་ཀྱི་རིག་གནས་ཀྱི་དཔེ་མཚོན་ཞིག་ཡིན་ཞིང་། རེབ་གོང་རིག་གནས་ལ་ལོ་རྒྱུས་རིང་མོ་དང་ཉིང་བཅུད་ཕུན་སུམ་ཚོགས་པོ་ཡོད་པར་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ནི་བགྲང་བྱ་དུ་མར་སྔོག་འདོན་དང་མྱུར་སྐྱོབ་བྱས་པས་གཉུག་གནས་ཀྱི་རིག་གནས་ཁྱད་ཆོས་སྲུང་འཛིན་བྱས་པའི་སྟེང་སྐྱེས་སྟོབས་ཆེས་ཆེར་རྒྱས། 2008ལོར་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་ནི་མཱིན་ནན་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་དང་། ཝེ་ཀྲིག་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ། འཇང་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་བཅས་ཀྱི་རྗེས་སུ་བཙུགས་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་ཞིག་ཡིན་ནོ།།