logo

མཚོ་སྔོན་མི་རིགས་སློབ་ཆེན་གྱི་གྲུབ་འབྲས་ལ་སློབ་རའི་རིག་གནས་འཛུགས་སྐྲུན་གྲུབ་འབྲས་ཀྱི་ཨང་དང་པོ་ཐོབ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-31 ཀློག་གྲངས།:

              སློབ་གསོ་པུའུ་བསམ་བློ་ཆབ་སྲིད་ཟིའི《2011ལོའི་སློབ་ཆེན་སློབ་རའི་རིག་གནས་འཛུགས་སྐྲུན་གྱི་ཕུལ་བྱུང་གྲུབ་འབྲས་དཔྱད་འདེམས་དང་འབྲེལ་བའི་བརྡ་ཐོའི》བླང་བྱ་ལྟར། མཚོ་སྔོན་ཞིང་ཆེན་སློབ་གསོའི་བཟོ་ཨུས་ཞིང་ཆེན་ཡོངས་ཀྱི་སློབ་ཆེན་སློབ་རའི་རིག་གནས་འཛུགས་སྐྲུན་གྱི་ཕུལ་བྱུང་གྲུབ་འབྲས་དཔྱད་འདེམས་བྱེད་པའི་བྱ་འགུལ་རྩ་འཛུགས་བྱས་ནས་ཡོངས་སུ་སྤེལ་ཞིང་། རྩ་འཛུགས་ཆེད་མཁས་པ་རྣམས་ཀྱིས་ཞིབ་དཔྱད་བྱས་ནས་མཚོ་སྔོན་མི་རིགས་སློབ་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་རྩ་འཛུགས་དང་སྙན་ཞུ་བྱས་པའི《མི་རིགས་མཐུན་སྒྲིལ་ཇེ་ལེགས་དང་སློབ་མའི་འཕེལ་རྒྱས་ཡར་སྐུལ--མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཁྱད་ལྡན་སློབ་རའི་རིག་གནས་ཀྱིས་མི་རིགས་སློབ་མའི་འཕེལ་རྒྱས་ལ་སྐུལ་བ》ཞེས་པའི་གྲུབ་འབྲས་ལ་ཨང་དང་པོ་ཐོབ། དེ་དང་མཉམ་དུ་སློབ་གསོ་པུའུ་ལ་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་རའི་རིག་གནས་འཛུགས་སྐྲུན་གྱི་ཕུལ་བྱུང་གྲུབ་འབྲས་ལ་དཔྱད་འདེམས་བྱེད་པར་མཚམས་སྦྱོར་བྱས།


འབྲེལ་ཡོད་འོས་སྦྱོར།