བྱང་ཐང་རྟགས་ཅན་གྱི་སྣོད་བཅུད་སྲུང་སྐྱོང་སྐོར་གྱི་བྱ་དགའ་ཐོབ་མཁན།
ཚོགས་ཡུལ་དངོས།
བྱ་དགའི་རྟགས་མ་གནང་བཞིན་པའི་ཚུལ།
བྱང་ཐང་རྟགས་ཅན་གྱི་བྱ་དགའི་རྟགས་མ་ཐོབ་པ།
ཉེ་ལམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྦྲང་ཆར་རྩོམ་སྒྲིག་ཁང་དང་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་གཉིས་ཀྱིས་མཉམ་དུ་བསྒྲུབ་པའི་བྱང་ཐང་རྟགས་ཅན་གྱི་སྣོད་བཅུད་སྲུང་སྐྱོང་སྐོར་གྱི་བྱ་དགའ་དེ་རེབ་གོང་ཤེས་རིག་གླིང་གི་འགན་འཛིན་པ་ལྕང་སྐྱ་དགེ་འདུན་བཀྲ་ཤིས་སོགས་བོད་ཀྱི་རྩོམ་པ་པོ་བདུན་ལ་གནང་བ་རེད།
བྱ་དགའ་ཐོབ་པའི་རྩོམ་པ་པོ་དང་རྩོམ་སྒྲིག་པ་སྐུ་ལྷན་རྒྱས་ཀྱི་མཉམ་པར།
རྩོམ་སྒྲིག་པའི་བྱ་དགའ་ཐོབ་མཁན་སྐུ་ཞབས་བཀྲ་ཤིས་དོན་གྲུབ་དང་བསྟན་གོ ཆོས་སྐྱོང་གསུམ་གྱི་མཉམ་པར།
འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པའི་འགན་འཛིན་པ་དང་མཉམ་དུ་བསྐྱོན་པའི་འདྲ་པར།
མཚོ་སྔོན་སྦྲང་ཆར་ཁང་གི་གཙོ་སྒྲིག་པ་ཟླ་བ་བློ་གྲོས་དང་མཉམ་དུ་བསྐྱོན་པའི་འདྲ་པར།
དེ་ཡང2008ལོའི་ལོ་མཇུག་ཏུ་སྙན་གྲགས་ཆེན་པོ་ཡོད་པའི་རྩོམ་པ་པོ་དང་དཔྱད་བརྗོད་པ། རྩོམ་སྒྲིག་པ་བཅས་གདན་དྲངས་ནས་འདྲ་མཉམ་དང་དྲང་བདེན་གྱིས་དཔྱད་བསྡུར་བྱས་པ་བརྒྱུད། བྱང་ཐང་རྟགས་ཅན་གྱི་སྣོད་བཅུད་སྲུང་སྐྱོང་སྐོར་གྱི་བྱ་དགའ་དེ་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་བརྩམས་པའི་མདོ་དབུས་མཐོ་གཞོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་འཕེལ་རྒྱས་ཐད་ཀྱི་དཔྱད་གླེང་ཞེས་པར་ཁྱད་འཕགས་བྱ་དགའ་ཐོབ་ཅིང་། ཀརྨ་ཀུན་ཁྱབ་གྱིས་བརྩམས་པའི་སྔོ་ཡི་བུ་མོ་སྤུན་བདུན་གྱི་སྨྲེ་སྔགས་ཞེས་པར་བྱ་དགའ་ཨང་དང་པོ་ཐོབ། གཞན་ཡང་ལྕང་སྐྱ་དགེ་འདུན་བཀྲ་ཤིས་དང་བདེ་སྐྱིད་སྒྲོལ་མ་གཉིས་ལ་ཨང་གཉིས་པ་ཐོབ་པ་དང་། གླིང་ཚ་པད་དབང་སོགས་མི་གསུམ་ལ་བྱ་དགའ་ཨང་གསུམ་པ་ཐོབ་ཡོད་དོ། །