གོང་རིམ་འགོ་ཁྲིད་རྣམ་པས་མཚོ་ལྷོ་ཁུལ་གྱི“ཕལ་ཆེར་གཉིས”ཀྱི་བྱ་བར་ལྟ་སྐུལ་སློབ་སྟོན་བྱས་པ།
དེ་སྔའི་རྒྱལ་ཁབ་ཀྱི་སྤྱིའི་སློབ་གསོའི་ལྟ་སྐུལ་བ་གཞོན་པ་བཤད་སྒྲུབ་སོགས་ཀྱིས་མཚོ་ལྷོ་ཁུལ་གྱི
“ཕལ་ཆེར་གཉིས”ཀྱི་བྱ་བར་ལྟ་སྐུལ་སློབ་སྟོན་བྱེད་བཞིན་པ།
ཟླ10བའི་ཚེས16ནས་ཚེས17བར་དུ། དེ་སྔའི་རྒྱལ་ཁབ་ཀྱི་སྤྱིའི་སློབ་གསོའི་ལྟ་སྐུལ་བ་གཞོན་པའམ་དེ་སྔའི་སློབ་གསོ་པུའི་མི་རིགས་སློབ་གསོ་སིའི་སི་ཀྲང་བཤད་སྒྲུབ་ལགས་འཁོར་དང་བཅས་པས་མཚོ་ལྷོ་ཁུལ་གྱི“ཕལ་ཆེར་གཉིས”ཀྱི་བྱ་བར་ལྟ་སྐུལ་སློབ་སྟོན་བྱས། ཁོང་ཚོས་ཁུལ་དང་རྫོང་གི“ཕལ་ཆེར་གཉིས”ཀྱི་གྲུབ་འབྲས་འགྲེམ་སྟོན་དང“ཕལ་ཆེར་གཉིས”ཀྱི་བྱ་བའི་ཆེད་དོན་ལ་གཟིགས་ཞིབ་བྱས་ཤིང་། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་དང་འབའ་རྫོང་མི་དམངས་སྲིད་གཞུང་གི“ཕལ་ཆེར་གཉིས”ཀྱི་བྱ་བའི་སྙན་ཞུ་ལ་ཉན་པ་མ་ཟད། འབའ་རྫོང་གི་སློབ་གྲྭ་ལྔར་ཡུལ་དངོས་སུ་ཞིབ་བཤེར་བྱས་ཏེ“ཕལ་ཆེར་གཉིས”ཀྱི་འབྲེལ་ཡོད་ཡིག་ཆ་ལ་གཟིགས་པ་རེད། ལྟ་སྐུལ་སློབ་སྟོན་བྱས་པར་བརྒྱུད་ནས་ཆེད་མཁས་པའི་ཚན་ཆུང་གིས་མཚོ་ལྷོ་ཁུལ་གྱི“ཕལ་ཆེར་གཉིས”ཀྱི་བྱ་བ་དེ་དམིགས་ཚད་གཙོ་བོ་དང་མཐུན་ལ་གྲུབ་འབྲས་མངོན་སུམ་ལྡན་ཞེས་གདེང་འཇོག་མཐོན་པོ་བྱས་པ་རེད།