logo

མགོ་ལོག་ཁུལ་གྱིས《གེ་སར》རིག་གནས་ཀྱི་དམངས་ཁྲོད་བརྩམས་ཆོས་པར་སྐྲུན་བྱེད་པར་ཤུགས་སྣོན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-24 ཀློག་གྲངས།:
  མགོ་ལོག་ཁུལ་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་ལ་མྱུར་སྐྱོབ་དང་། སྲུང་སྐྱོབ། རྒྱུན་འཛིན་བྱེད་པར་བརྩི་མཐོང་བྱས་ནས་དམངས་ཁྲོད་སྒྱུ་རྩལ་པ་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ་རྣམས་ཀྱིས་རྩོམ་རིག་གསར་རྩོམ་ལ་བརྟེན་ནས་མགོ་ལོག་གི《གེ་སར》རིག་གནས་དང་དེའི་ལོ་རྒྱུས་རིག་གནས་མངོན་མཚོན་བྱེད་པར་སྐུལ་འདེད་དང་རྒྱབ་སྐྱོར་ཆེན་པོ་བྱས།
  ད་ལོར་མ་དངུལ་སྒོར་ཁྲི14བཏང་ནས་ཕུལ་དུ་བྱུང་བའི་དམངས་ཁྲོད་རྩོམ་རིག་བརྩམས་ཆོས་འཚོལ་སྡུད་དང་འདེམས་སྒྲིག་བྱས་ཏེ་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། མ་དངུལ་སྒོར་ཁྲི10ལྷག་བཏང་ནས“པུའུ་ཨུ་བཞི”ཡིས་མིང་བཏགས་པའི《གེ་སར》སྒྲུང་གི་ལྷ་རིས་པ་ཨ་བུ་དཀར་ལོ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི《གེ་སར་རིག་གནས》(པར་དེབ)པར་སྐྲུན་བྱས་ཤིང་། མ་དངུལ་སྒོར་ཁྲི12.5བཏང་ནས་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་མགོན་ལྷ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི《ཨ་མྱེས་རྨ་ཆེན་གྱི་གནས་བཤད》དང་། བསྟན་འཛིན་གྲགས་པ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི《གུ་གེ་སྨན་རྫོང》། དམངས་ཁྲོད་སྒྱུ་རྩལ་པ་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི《སྲིད་པ་ཆགས་པའི་ལྷ་དགུའི་གྲས་ཀྱི་ཨ་མྱེས་རྨ་ཆེན》སོགས་པར་སྐྲུན་བྱས་ཤིང་། དེ་དང་མཉམ་དུ“པུའུ་ཨུ་བཞི”ཡིས་མིང་བཏགས་པའི《གེ་སར》དང་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་གུ་རུ་རྒྱལ་མཚན་ལགས་ཀྱིས་རྩོམ་སྒྲིག་བྱས་པའི《འགག་གླིང་གཡུལ་འགྱེད》དང་། 《རོང་གླིང་གཡུལ་འགྱེད》《སྟོབས་ཆེན་རྨོག་རྫོང》《མོན་གླིང་གཡུལ་འགྱེད》སོགས་རྩོམ་སྒྲིག་པར་སྐྲུན་བྱེད་བཞིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།