logo

མཚོ་ལྷོ་ཁུལ་དཔེ་མཛོད་ཁང་འཛུགས་སྐྲུན་བྱེད་འགོ་བརྩམས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-24 ཀློག་གྲངས།:


མཚོ་ལྷོ་ཁུལ་དཔེ་མཛོད་ཁང་འཛུགས་སྐྲུན་འགོ་རྩོམ་པའི་མཛད་སྒོ་ཡུལ་དངོས།

         ཟླ10བའི་ཚེས21ཉིན།   མཚོ་ལྷོ་ཁུལ་དཔེ་མཛོད་ཁང་འཛུགས་སྐྲུན་འགོ་རྩོམ་པའི་མཛད་སྒོ་དེ་གསེར་ཆེན་རྫོང་མཁར་བྱང་ས་ཁུལ་གསར་བ་རུ་སྤེལ་ཞིང་། མཚོ་ལྷོ་ཁུལ་ཨུ་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཏུན་ཅེ་རིན་དང་ཁུལ་དམངས་ཆེན་ཀྲུའུ་རིན་གཞོན་པ་བུན་པོ་སོགས་འགོ་ཁྲིད་རྣམ་པ་ཐེངས་འདིའི་མཛད་སྒོ་ལ་ཞུགས་པ་རེད།


མཚོ་ལྷོ་ཁུལ་དཔེ་མཛོད་ཁང་འཛུགས་སྐྲུན་འགོ་རྩོམ་པའི་མཛད་སྒོ་ཡུལ་དངོས།

         སྤྱིའི་མ་དངུལ་སྒོར་ཁྲི1584བཏང་བའི་མཚོ་ལྷོ་ཁུལ་དཔེ་མཛོད་ཁང་གི་འཛུགས་སྐྲུན་གཞི་ཁྱོན་ནི་སྨི་གྲུ་བཞི་མ4566.3ཡིན་པ་དང་།  ལས་གཞི་འདི་ནི་མཚོ་སྔོན་བོད་ཁུལ་གྱི་ཆེད་དོན་ལས་གཞི་ཞིག་སྟེ2010ལོའི་ཀྲུང་དབྱང་སྔོན་རྩིས་ཐེངས་གཉིས་པ་ནང་ཚུད་ཡོད།  དཔེ་མཛོད་ཁང་འདི་ཐོག་བརྩེགས5སྐྲུན་རྒྱུ་ཡིན་པ་དང་འཛུགས་སྐྲུན་གྱི་དུས་ཡིན་ཉིན338ཡིན་པ་རེད། 


འབྲེལ་ཡོད་འོས་སྦྱོར།