logo

བོད་ལྗོངས་ནང་བསྟན་སློབ་གླིང་སློབ་འགོ་ཚུགས་པའི་རྟེན་འབྲེལ་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-21 ཀློག་གྲངས།:


བོད་རྒྱུད་ནང་བསྟན་སློབ་གྲྭ་ཆེན་མོ་ལེགས་འགྲུབ་དང་སློབ་འགོ་ཚུགས་པའི་རྟེན་འབྲེལ་མཛད་སྒོ།

         ཟླ10བའི་ཚེས20ཉིན།  བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་ལེགས་འགྲུབ་བྱུང་བ་དང་སློབ་འགོ་ཚུགས་པའི་རྟེན་འབྲེལ་མཛད་སྒོ་ལྷ་ས་རུ་བསྡུས་པ་རེད།  བོད་ལྗོངས་ཕྱོགས་བསྡུས་རང་བཞིན་གྱི་བོད་རྒྱུད་ནང་བསྟན་སློབ་གྲྭ་ཆེན་མོ་དེ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཡུལ་ཚོའི་མིང་དུ་གྲགས་པའི་གནའ་དགོན་ཏེ་ར་སྟོད་དགོན་པའི་འགྲམ་དུ་བཟོ་སྐྲུན་དངོས་སུ་ལེགས་འགྲུབ་བྱུང་ཞིང་།  བོད་རྒྱུད་ནང་བསྟན་གྲུབ་མཐའ་ཁག་གི་ཕུལ་བྱུང་གྲྭ་བཙུན150ལྷག་གནས་འདིར་ཅུང་ཆ་ཚང་བའི་བོད་རྒྱུད་ནང་བསྟན་གྱི་གཞུང་ལུགས་ཤེས་བྱ་དང་དེང་རབས་ཀྱི་ཚན་རིག་ཤེས་བྱ་སློབ་གཉེར་བྱ་རྒྱུ་ཡིན་པ་རེད། 


བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོར་སྒོ་བྱང་འགེལ་བ།

         ནག་ཆུ་འབྲི་རུ་རྫོང་འབྲུག་ལྡེ་དགོན་པའི་བླ་མ་སྐལ་བཟང་ཐུབ་དབང་གིས་གསུང་རྒྱུར།  ལོ་རབས90བའི་རྗེས་ཀྱི་གྲྭ་བཙུན་ཞིག་ལ་ཆ་མཚོན་ན།  འདི་འདྲའི་མཐུན་རྐྱེན་ལེགས་པའི་གནབ་བབ་འོག   བོད་རྒྱུད་ནང་བསྟན་སློབ་གཉེར་དང་རྒྱུན་འཛིན་དར་སྤེལ་བྱེད་ཐུབ་པ་འདི་དངོས་གནས་དགའ་འོས་པ་ཞིག་རེད་ཟེར།  རྒྱུས་ལོན་བྱས་པ་ལྟར་ན།  བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་འཛུགས་སྐྲུན་ལས་གཞིའི་གཞི་ཁྱོན་ལ་མུའུ262.48དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི3.08ཡིན་པ་དང་།   སྤྱིའི་མ་དངུལ་སྒོར་བྱེ་བ8བཏང་པ་རེད། 
         ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་དབྱེ་ཚོགས་ཀྱི་འགོ་གཙོ་ཐུབ་བསྟན་མཁས་གྲུབ་ལགས་ཀྱིས་མཚམས་སྦྱོར་བྱ་རྒྱུར།  བོད་ལྗོངས་ནང་བསྟན་སློབ་གླིང་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་འདིས་ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་ནང་བསྟན་སློབ་གཉེར་རྒྱུན་འཛིན་དར་སྤེལ་བྱེད་རྒྱུ་དང་།  བོད་རྒྱུད་ནང་བསྟན་གྲུབ་མཐའ་ཁག་གི་གསང་སྔགས་སོགས་ལ་ནང་བྱན་ཆུད་པའི་ཕུལ་བྱུང་གྲྭ་བཙུན་གསོ་སྐྱོང་བྱེད་པར་དགེ་མཚན་ཆེན་པོ་ལྡན་ཟེར། 

 


འབྲེལ་ཡོད་འོས་སྦྱོར།