2011ལོའི་བོད་ཡིག་བརྡ་ཆད་གསར་བ་ཞིབ་བཤེར་གཏན་འབེབས་ཆེད་མཁས་པའི་བྱ་བའི་ཚོགས་འདུ་བསྡུས་པ།
ཉེ་ཆར། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་བསྒྱུར་ཅུའུ་ཡིས་གཙོ་སྒྲུབ་དང་བོད་རང་སྐྱོང་ལྗོངས་སྒྲིག་བསྒྱུར་ཅུའུ་ཡིས་རོགས་སྒྲུབ་བྱས་པའི2011ལོའི་བོད་ཡིག་བརྡ་ཆད་གསར་བ་ཡིག་བསྒྱུར་ཞིབ་བཤེར་གཏན་འབེབས་ཆེད་མཁས་པའི་བྱ་བའི་ཚོགས་འདུ་ལྷ་ས་རུ་ཚོགས་པ་རེད།
པེ་ཅིང་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ནས་ཡོང་བའི་བོད་སྐད་ཡིག་ཡིག་བསྒྱུར་ཆེད་མཁས་པ30ལྷག་ཐེངས་འདིའི་ཚོགས་འདུ་ལ་ཞུགས་ཤིང་། ཚོགས་ཐོག་ཏུ་ཉེ་ཆར་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པའི་བོད་ཡིག་བརྡ་ཆད་གསར་བ100ལྷག་ལ་གྲོས་བསྡུར་དང་གཏན་འབེབས་གནང་བ་མ་ཟད། བརྡ་ཆད་གསར་བ་ཡིག་བསྒྱུར་གྱི་གཅིག་བསྡུ་རང་བཞིན་དང་ཚད་ལྡན་རང་བཞིན་གྱི་གནད་དོན་ཐད་ལ་ཞིབ་ཏུ་གྲོས་མོལ་མཛད།
ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་བསྒྱུར་ཅུའུ་ཡི་ཏང་ཨུ་ཧྲུའུ་ཅིའམ་འགོ་གཙོ་ལི་ཅན་ཧོས་དང་། བོད་རང་སྐྱོང་ལྗོངས་སྒྲིག་བསྒྱུར་ཅུའུ་ཡི་འགོ་གཙོ་གཞོན་པ་བློ་བཟང་ཐུབ་མེ་སོགས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས་པ་མ་ཟད་གཏམ་བཤད་གལ་ཆེན་གནང་བ་རེད།