ལྷ་ས་གྲོང་ཁྱེར་གྱིས་གནའ་དཔེ་ཞིབ་བཤེར་སྲུང་སྐྱོབ་བྱ་བའི་གྲོས་ཚོགས་བསྡུས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་གནའ་དཔེ་ཞིབ་བཤེར་སྲུང་སྐྱོབ་བྱ་བའི་གྲོས་ཚོགས་བསྡུས་ཤིང་། རྒྱལ་ཡོངས་དང་ཁུལ་ཡོངས་ཀྱིས་གནའ་དཔེ་སྲུང་སྐྱོབ་བྱེད་པའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་གནའ་དཔེ་ཞིབ་བཤེར་དང་ཡར་ཞུ། སྲུང་སྐྱོབ་བཅས་ཀྱི་བྱ་བ་བཀོད་སྒྲིག་ལེགས་པོ་གནང་བ་རེད།
གྲོས་ཚོགས་ལས་རྒྱུས་ལོན་བྱུང་བ་ལྟར་ན། ལྷ་ས་གྲོང་ཁྱེར་གྱིས2015ལོའི་ལོ་མཇུག་བར་དུ་གང་ཐུབ་ཀྱིས་ལྷ་སའི་བོད་ཀྱི་གནའ་དཔེ་སོགས་ཞིབ་བཤེར་དང་ཐོ་འགོད་བྱ་བ་ལེགས་འགྲུབ་འབྱུང་བར་བརྩོན་པ་དང་། འཆར་ལྡན་སྒོས་གནའ་དཔེ་གཙོ་གནད་བདག་ཉར་བྱེད་པའི་ལས་ཁུངས་ཀྱི་དོ་དམ་ཆ་རྐྱེན་ལེགས་བཅོས་བྱེད་ཅིང་ཅུང་ཆ་ཚང་བའི་གནའ་དཔེ་སྲུང་སྐྱོབ་བྱ་བའི་མ་ལག་དང་སྲུང་སྐྱོང་ལམ་ལུགས་བཙུགས་ཏེ། ཕྱོགས་ཡོངས་ནས་རྩ་ཆེན་གནའ་དཔེའི་ཐོན་ཁུངས་སྔོག་འདོན་དང་སྲུང་སྐྱོབ་སྒོས་ལྷ་ས་གྲོང་ཁྱེར་གྱི་གནའ་དཔེ་སྲུང་སྐྱོབ་དང་། མྱུར་སྐྱོབ། འཚོལ་ཞིབ། ལེགས་སྒྲིག ཡིག་བསྒྱུར། པར་སྐྲུན། ཞིབ་འཇུག་སོགས་ཀྱི་བྱ་བ་སྔོན་སྐུལ་བྱེད་དགོས་པར་བསྟན།
མཚམས་སྦྱོར་བྱས་པ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་གནའ་དཔེ་ཞིབ་བཤེར་སྲུང་སྐྱོབ་བྱ་བ་ད་ལོའི་ཟླ10བ་ནས2015ལོའི་ཟླ12བར་སྤེལ་རྒྱུ་ཡིན་ཞིང་། དེ་ཡང་ཕྱོགས་ཡོངས་ནས་ཞིབ་བཤེར་དང་། དཔྱད་ཁུངས་བསྐྱར་གསོ། རྒྱལ་ཁབ་ཀྱི་མིང་ཐོའི་ནང་ཚུད་པར་ཡར་ཞུ་བྱེད་པ། སྤྱི་བསྡོམས་ཡར་ཞུ་བཅས་ཁག་བཞི་རུ་དབྱེ་ཡོད་པ་དང་། ལྷ་ས་གྲོང་ཁྱེར་རིག་གནས་ཅུའུ་ཡི་མངགས་བཅོལ་ལྟར་གནའ་དཔེ་ཞིབ་བཤེར་བསྐྱར་གསོའི་བློ་ཐབས་དོད་པོའི་འབྲེལ་ཡོད་ཆེད་ལས་སྡེ་ཁག་གིས་གནའ་དཔེ་བསྐྱར་གསོའི་འཆར་འགོད་བཟོ་བ་དང་། གནའ་དཔེའི་དཔྱད་ཁུངས་དང་འབྲེལ་ཡོད་གྲངས་མཛོད་བཙུགས་པ་རེད།
ལྗོངས་འདིའི་གནའ་དཔེ་ལ་གྲངས་མང་བ་དང་། ཁྱབ་རྒྱ་ཆེ་བ། མི་སྒེར་ནས་ཉར་ཚགས་བྱས་ཡོད་པ་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་སྡེ་ཁག་ལ་མུ་མཐུད་དུ་འགན་ཁུར་གྱི་འདུ་ཤེས་བསྐྱེད་པ་དང་། ཞིབ་ཚགས་སྒོས་བཀོད་སྒྲིག་བྱེད་པ། འགོ་ཁྲིད་ལ་ཤུགས་སྣོན་པ། ལས་འགན་ནན་གྱིས་སྒྲུབ་དགོས་པའི་དགོངས་ཚུལ་བཏོན་ནས་ལྷ་ས་གྲོང་ཁྱེར་གྱི་གནའ་དཔེ་ཞིབ་བཤེར་བྱ་བའི་འོས་འགན་དང་དགོངས་ཚུལ་སོ་སོ་དངོས་འབེབ་བྱེད་པར་འགན་སྲུང་བྱས་པ་རེད།