logo

བོད་ལྗོངས་སློབ་གྲྭ་ཆེན་མོས2011ལོའི་སློབ་ཚུགས་མཛད་སྒོ་གཟབ་རྒྱས་ཤིག་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-09 ཀློག་གྲངས།:


བོད་ལྗོངས་སློབ་གྲྭ་ཆེན་མོའི2011ལོའི་སློབ་འགོ་ཚུགས་པའི་མཛད་སྒོ་ཡུལ་དངོས།

         ཉེ་ཆར།   བོད་ལྗོངས་སློབ་ཆེན་གྱིས2011ལོའི་སློབ་ཚུགས་མཛད་སྒོ་དེ་སློབ་ཁུལ་རྙིང་བའི་སློབ་མའི་བྱ་འགུལ་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས་ཤིང་།  སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སློབ་གཙོ་སྐལ་བཟང་ཆོས་འཕེལ།  སློབ་གྲྭའི་ཏང་ཨུའི་ཨུ་ཡོན་ནམ་སློབ་གཙོ་གཞོན་པ་ཁྲིན་ཅན་ལུང་དང་ཚེ་གཡང་།  ངག་ཆོས།  ལིག་ཡོན་ཕིན། དེ་མིན་སློང་གླིང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ།  སློབ་གསོའི་བྱ་སྒྲུབ་པ་དང་སློབ་མ་གསར་རྙིང་ཚབ་བྱེད་སོགས་བསྡོམས་པས་མི2600ལྷག་ཐེངས་འདིའི་སློབ་ཚུགས་མཛད་སྒོ་ལ་ཞུགས་ཡོད་པ་དང་།  སློབ་གཙོ་གཞོན་པ་ཚེ་བརྟན་ཕུན་ཚོགས་ཀྱིས་མདོ་འཛིན་མཛད་པ་རེད། 


སློབ་གྲྭའི་འགོ་ཁྲིད་པས་སློབ་མར་བྱ་དགའ་གནང་བཞིན་པ།

         སློབ་ཚུགས་མཛད་སྒོའི་སྟེང་བོད་ལྗོངས་སློབ་ཆེན་གྱི2010ལོ་ནས2011ལོའི་བར་གྱི་གསུམ་བཟང་སློབ་མའི་མཚན་བཟང་དང་།  གཟེངས་སུ་ཐོན་པའི་སློབ་མའི་འབྲས་ལེགས་བྱ་དགའ།  ཁྱད་འཕགས་བྱ་དགའ།  སྣ་གཅིག་འབྲས་ལེགས་བྱ་དགའ་སོགས་ཐོབ་པའི་སློབ་མ300ལྷག་ལ་གཟེངས་བསྟོད་བྱས་ཤིང་།  མཛེས་རྩལ་སློབ་གླིང་གི་རྒན་ཚེ་སྐྱིད་དང་རང་བྱུང་རིག་དངོས་གླིང་གི་སློབ་གྲོགས་ཀྱིས་དགེ་སློབ་རྣམ་པའི་ཚབ་བྱས་ཏེ་གཏམ་བཤད་གནང་བ་སྟེ་སློབ་གྲོགས་རྣམ་པས་དུས་སྐབས་དམ་འཛིན་དང་དམིགས་ཡུལ་ངེས་པ།  སློབ་ལ་བརྩོན་པ།  ཕྱོགས་ཡོངས་འཕེལ་རྒྱས་བྱེད་དགོས་པར་སྐུལ་ལྕག་བཏང་བ་རེད། 


དགེ་རྒན་ཚབ་བྱེད་པས་གཏམ་བཤད་གནང་བ།


བྱ་དགའ་ཐོབ་པའི་སློབ་མ་རྣམས།

         སློབ་གཙོ་སྐལ་བཟང་ཆོས་འཕེལ་གྱིས་ཚོགས་ཐོག་ཏུ་སློབ་གྲྭའི་ཏང་ཨུ་དང་སྲིད་འཛིན་གྱི་ཚབ་བྱས་ཏེ་ལྗོངས་ཕྱི་ནང་ནས་ཡོང་བའི་སློབ་མ་གསར་བ2647ལྷག་ལ་སྙིང་ཐག་པ་ནས་དགའ་བསུ་དང་བྱ་དགའ་ཐོབ་པའི་སློབ་མ་རྣམས་ལ་རྟེན་འབྲེལ་ཞུས་ཤིང་།  སློབ་ཆེན་པའི་འཚོ་བ་གསར་བ་ལ་ཞུགས་པའི་སློབ་མ་རྣམས་ཀྱིས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ཏེ་ཤིན་ཏུ་དོན་སྙིང་ལྡན་པའི་སློབ་ཆེན་གྱི་འཚོ་བ་ཞིག་རོལ་བར་སྨོན་འདུན་བརྗོད་པ་སྟེ།  གཅིག་ནི་རང་ཉིད་ལ་དོ་ཁུར་དང་རང་རྟོགས་སྒོས་མི་ཚེའི་འདོད་འདུན་ཡག་པོ་དང་ཀུན་སྤྱོད་ཡག་པོ།     བློ་སེམས་གཅིག་སྒྲིལ་དང་རང་འགུལ། གསར་གཏོད་རང་བཞིན་གྱིས་སློབ་ལ་འབད་པའི་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་འཇུག་རྒྱུ་དང་།  གཉིས་ནི་རྒྱང་རིང་བའི་ཕུགས་བསམ་རྣལ་མ་ཞིག་ཡིད་ལ་བཅངས་རྒྱུ་དང་།  དོན་དངོས་ལ་ཁ་གཏོད་པ།  ལས་རིགས་གསར་གཏོད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བོད་ལྗོངས་ལ་ཞབས་ཞུ་སྒྲུབ་པའི་རིན་ཐང་ལྟ་བ་ཆགས་སུ་བཅུག་སྟེ་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་པ།  གསུམ་ནི་ཚན་རིག་གི་ལངས་ཕྱོགས་དམ་དུ་བཅངས་ཏེ།  ཡང་དག་པའི་འཇིག་རྟེན་ལྟ་ཚུལ་དང་།  མི་ཚེ་ལྟ་ཚུལ། རིན་ཐང་ལྟ་ཚུལ་བཟུང་ནས་ཚད་ལྡན་གྱི་རྒྱུན་འཛིན་པ་ཞིག་བྱེད་དགོས་ཟེར། 


འབྲེལ་ཡོད་འོས་སྦྱོར།