ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་དམའ་འབྲིང་གསུམ་པའི་སློབ་མའི་ཁྱིམ་བདག་ཚོགས་འདུ་བསྡུས་པ།
རྩོམ་པ་པོ།:སྟག་རིག་འབྲུག་ཐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2011-10-08
ཀློག་གྲངས།:

ལོ་རིམ་དགུ་བའི་མགོ་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།
ཟླ10བའི་ཚེས5ཉིན་གྱི་དུས་ཚོད10སྟེང་དུ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཆེད་དུ་མཐར་ཕྱིན་འཛིན་གྲྭའི་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་དང་ལྷག་པར་ཕྱི་ལོའི་ཟླ་དྲུག་པར་འབྲིང་རྒྱུགས་ལ་ཞུགས་དགོས་པའི་སྟ་གོན་ལེགས་པོ་ད་ནས་བཟུང་མགོ་བརྩམ་པ་དང་འཆར་གཞི་འོས་འཚམ། དམིགས་འབེན་གསལ་བོ་ཡོད་པའི་སྒོ་ནས་མ་འོངས་འབྱུང་འགྱུར་གྱི་འགག་སྒོ་དེ་ལས་བདེ་ལེགས་ངང་བརྒལ་བའི་ཇུས་གཞི་ཚོགས་འདུ་དེ་སློབ་གྲྭའི་སྐས་རིམ་ཚོམས་ཆེན་ནས་བསྡུས།

ཕ་བུ་མཉམ་འདུས་ཀྱི་ཁྱིམ་བདག་ཚོགས་འདུའི་ཟུར་ཞིག
དེར་མ་ཟད་ཁྱིམ་བདག་རྣམ་པས་ཁྱིམ་གྱི་སློབ་གསོ་ཐད་དུ་རེ་བ་ནན་མོ་འདོན་པ་དང་དགེ་རྒན་རྣམས་དང་མཛའ་སེམས་གཅིག་ཏུ་སྦྲེལ་ནས་འབྱུང་འགྱུར་བུ་ཕྲུག་གི་ཆེད་ལ་བསམ་འཆར་ཅི་མཆིས་གསོང་བོར་བརྗོད་པ། ཕན་ཚུན་བར་རྒྱུན་དུ་བསམ་ཚུལ་བརྗེ་རེས་བྱེད་པའི་སྐུལ་སློང་ཡང་ཡང་བྱས། དེར་མཐུད་དགེ་རྒན་འཐུས་ཚབ་དང་སློབ་མའི་འཐུས་ཚབ། ཁྱིམ་བདག་འཐུས་ཚབ་བཅས་རེ་རེ་ནས་རང་རང་གི་འདོད་ཕྱོགས་དང་སེམས་ཀྱི་འཆར་སྒོ་ལྷུག་པོར་བརྗོད་ནས་ཚང་མས་ཁ་སེམས་གཅིག་མཐུན་སྒོས་སློབ་མ་འདི་དག་གི་འབྱུང་འགྱུར་མཚར་སྡུག་འོད་སྟོང་ལྡན་ཞིང་། དམིགས་ཡུལ་ཅི་བཞིན་འགྲུབ་པའི་རེ་སྨོན་བརྗོད་དེ་དོན་སྙིང་གསལ་ལྷང་ངེར་འཆར་ལ་ནུས་པ་བརྒྱ་འགྱུར་ཐོན་སྙམ་པའི་རེབ་འདིའི་ཚོགས་འདུ་ལྷང་ལྷང་མཐེབ་མོའི་རྡེབ་སྒྲའི་ཁྲོད་བདེ་ལེགས་ངང་གྲོལ་བ་རེད།
འབྲེལ་ཡོད་འོས་སྦྱོར།
