logo

ད་ལོའི་བོད་ལྗོངས་ཀྱི་མཐར་ཕྱིན་སློབ་ཆེན་པའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱེད་སྒོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-10-07 ཀློག་གྲངས།:

         སློབ་གྲྭ་ཆེན་མོ་ནས་ཐོན་པའི་སློབ་མའི་ལས་ཞུགས་ལས་དོན་སྔར་བས་ཡག་པོ་སྤེལ་རྒྱུ་དང་སློབ་གྲྭ་ཆེན་མོ་ནས་ཐོན་རྗེས་ལས་ཞུགས་ཐུབ་མེད་པའི་བོད་ལྗོངས་ཀྱི་སློབ་མ་དེ་དག་གང་མགྱོགས་ཅི་མགྱོགས་ཀྱིས་ལས་ཞུགས་བྱེད་ཐུབ་པར་སྐུལ་མ་གཏོང་ཆེད། སྤྱི་ལོ2011ལོའི་བོད་ལྗོངས་ཀྱི་སློབ་གྲྭ་ཆེན་མོ་ནས་ཐོན་པའི་སློབ་མའི་ལས་ཞུགས་ཞབས་ཞུའི་ཟླ་བའི་ཆེད་དོན་བྱེད་སྒོ་ཉེ་དུས་སྤེལ་བ་རེད།
        ཤེས་རྟོགས་བྱས་པར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་དམིགས་ཚད་ནི་དྲིལ་བསྒྲགས་བྱས་པ་བརྒྱུད་ལས་ཞུགས་བྱེད་འདོད་ཡོད་པའི་སློབ་གྲྭ་ཆེན་མོ་ནས་ཐོན་རྗེས་ལས་ཞུགས་མ་ཐུབ་པའི་སློབ་མས་རྒྱལ་ཁབ་དང་བོད་ལྗོངས་ཀྱི་སློབ་གྲྭ་ཆེན་མོ་ནས་ཐོན་པའི་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྲིད་ཇུས་ལ་ཤེས་རྟོགས་དང་། བོད་ལྗོངས་ཀྱི་ས་གནས་ཁག་གི་ཤེས་ལྡན་མི་སྣའི་སྤྱི་པའི་ལས་ཞུགས་ཀྱི་ཞིབ་ཕྲའི་བྱ་ཐབས་ཤེས་རྟོགས་བྱས་ནས། ཆ་རྐྱེན་འཛོམས་པའི་སློབ་གྲྭ་ཆེན་མོ་ནས་ཐོན་པའི་སློབ་མ་ཚང་མར་དེ་མཚུངས་ཀྱི་ལས་ཞུགས་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་རེད།
        ཞབས་ཞུའི་ཟླ་བའི་རིང་ལྷ་ས་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཆ་འཕྲིན་ཐོ་འགོད་ཡག་པོ་བྱས་ནས། ལས་ཞུགས་ཞབས་ཞུ་བྱེད་པ་ཕུད་ད་དུང་སློབ་གྲྭ་ཆེན་མོ་ནས་ཐོན་པའི་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞིའི་རེ་ཞུ་བདག་སྤྱོད་དང་དཔྱད་ཞིབ་ར་སྤྲོད། ལས་གནས་ཆ་འཕྲིན་འགྲེམས་བསྒྲགས་བཅས་ཀྱི་ལས་དོན་སྤེལ་ཏེ། སློབ་གྲྭ་ཆེན་མོ་ནས་ཐོན་རྗེས་ལས་ཞུགས་མ་ཐུབ་པ་རྣམས་ལྟ་སྦྱོང་རྟེན་གཞིར་ལྟ་སྦྱོང་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་བྱ་རྒྱུ་དང་སྦྲགས། ལྷ་ས་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ད་དུང་སློབ་གྲྭ་ཆེན་མོ་ནས་ཐོན་པའི་སློབ་མ་ལས་ཞུགས་བྱ་རྒྱུར་འཚམ་པའི་གཞི་རིམ་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་ལས་ཀ་གསར་སྤེལ་ཧུར་ཐག་བྱས་ཏེ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ལས་ཞུགས་བྱེད་འདོད་ཡོད་པའི་སློབ་གྲྭ་ཆེན་མོ་ནས་ཐོན་པའི་སློབ་མ་ཚང་མ་ལས་ཞུགས་ཐུབ་པ་བྱ་རྒྱུ་དང་། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མར་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱ་རྒྱུ་རེད།
        ཐེངས་འདིའི་བྱེད་སྒོ་སྤྱི་ཟླ 10 པའི་ཚེས 20ཉིན་བར་སྤེལ་རྒྱུ་དང་། སྤྱི་ཟླ 10པའི་ཚེས 10 ནས 20ཉིན་བར་བོད་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ད་དུང་སློབ་གྲྭ་ཆེན་མོ་ཐོན་ནས་ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་མར་ཁ་ཕྱོགས་པའི་ས་ཆས་གདན་ཞུའི་བྱེད་སྒོ་ཐེངས་གཅིག་སྤེལ་རྒྱུ་རེད། 


འབྲེལ་ཡོད་འོས་སྦྱོར།