logo

ལྷ་སའི་སྐབས་གཉིས་པའི་སྙན་ངག་གྱེར་འདོན་འགྲན་ཚོགས།

རྩོམ་པ་པོ།:ས་དམར་གྲགས་པ། ཡོང་ཁུངས།:ཚངས་དབྱངས་དྲ་བ། དུས་ཚོད།:2011-09-30 ཀློག་གྲངས།:


བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་འཇིགས་མེད་ཕུན་རྒྱལ་ལགས་ཀྱིས་
སྙན་ངག་གྱེར་འདོན་དངོས་སུ་མགོ་རྩོམ་པའི་གཏམ་བཤད་པ། 


བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་དབུ་འཛིན་པ་དོན་གྲུབ་རྡོ་རྗེ་ལགས་
ཀྱིས་ཐེངས་འདིའི་སྙན་ངག་གྱེར་འདོན་གྱི་དགོས་པ་བཤད་པ།

          ཉེ་ལམ།  ལྷ་སའི་སློབ་གྲྭ་ཆེ་འབྲིང་གི་སྐབས་གཉིས་པའི་ཉང་བྲན་རྟགས་མའི་སྙན་ངག་གྱེར་འདོན་འགྲན་ཚོགས་ལྷ་སའི་ཉང་བྲན་གླིང་ག་རུ་བསྡུས། སྙན་ངག་གྱེར་འདོན་འདིའི་སྐབས་དང་པོའི་འགྲན་ཚོགས་ནི2010ལོར་བོད་ལྗོངས་ལམ་བཟང་སྐད་ཡིག་སློབ་གྲྭ་དང་དགེ་འོས་སློབ་ཆེན་གཉིས་ཀྱིས་མཉམ་སྒྲུབ་བྱས་པ་ཡིན་ལ། སྐབས་དེ་དུས་ཀྱི་རྟགས་མའི་མིང་ལ་ལམ་བཟང་རྟགས་མ་ཟེར་མོད། ཡིན་ན་ཡང་ད་ལོ་ནས་འབྱོར་བ་དང་ཚོགས་རའི་ས་གནས་སོགས་ཀྱི་རྐྱེན་ལ་གཞིགས་ཏེ་རྟགས་མའི་མིང་ལོ་རེའི་ཚོགས་སའི་གནས་ཡུལ་གྱི་མིང་གདགས་རྒྱུར་བྱས་པ་རེད། ད་ལོའི་གཙོ་སྒྲུབ་ལས་ཁུངས་ནི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་དང་བོད་ལྗོངས་ལམ་བཟང་སྐད་ཡིག་སློབ་གྲྭ་གཉིས་ཡིན་ལ། ཚོགས་ས་ཉང་བྲན་ཡིན་པའི་རྒྱུ་མཚན་གྱིས་རྟགས་མའི་མིང་ལ་མེས་པོ་རྣམ་དཔྱོད་ཅན་མང་དུ་འཁྲུངས་སའི་གནས་མཆོག་ཉང་བྲན་གྱི་མིང་འདི་བཏགས་པ་རེད།


སྨྲེང་བུས་དགེ་ཆོས་སྐུ་གཤེགས་ནས་ལོ་དྲུག་བཅུ་འཁོར་བའི་རྗེས་དྲན་གྱི་གཏམ་བཤད་
པ་དང་། སློབ་གྲོགས་ཤིག་གིས་སྙན་ངག་པ་འཇུ་སྐལ་བཟང་ལགས་ཀྱི་སྙན་ངག
《དགེ་འདུན་ཆོས་འཕེལ》གྱེར་འདོན་བྱས་ཏེ། ཉང་བྲན་རྟགས་མའི་སྙན་
ངག་གྱེར་འདོན་ཁྲོད་དུ་དབུས་ནས་དགེ་ཆོས་ལ་རྗེས་དྲན་བྱས་པ།

དཔྱད་འདེམས་པ་དང་གཟིགས་མོ་བ།

          ཐེངས་འདིར་ཕེབས་པའི་དཔྱད་འདེམས་པ་དག་ནི།  བོད་ཀྱི་རྩོམ་རིག་ལོ་རྒྱུས་ཞིབ་འཇུག་པ་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ལྷག་པ་ཆོས་འཕེལ་ལགས་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་སྒྲིག་པ། བོད་ཀྱི་བརྩམས་སྒྲུང་རྩོམ་པ་བོ་གྲགས་ཅན་བསྟན་པ་ཡར་རྒྱས། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན། བོད་ཀྱི་རྩོམ་པ་བོ་གྲགས་ཅན་སྨྲེང་བུ་དོན་གྲུབ་ཚེ་རིང་། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན། བོད་ཀྱི་ན་གཞོན་རྩོམ་པ་བོ་གྲགས་ཅན་ན་རོ་ཤ་བོ་ཚེ་བརྟན། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་སྒྲིག་པ། བོད་ཀྱི་སྐྱེས་མ་སྙན་ངག་པ་དཔལ་ལྷ་ལགས་བཅས་ཡིན།


བྱ་དགའ་ཨང་དང་པོ་ཐོབ་མཁན།

བྱ་དགའ་ཨང་གཉིས་པ་ཐོབ་མཁན།


བོད་ལྗོངས་ལྷ་སའི་ས་ཁུལ་གྱི་རྩོམ་རིག་གི་ལས་ལ་འབད་པར་ཐུགས་རྗེ་ཞུ་ཆེད་དུ། 
བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གིས་ཐེངས་འདིའི་བྱེད་སྒོའི་རྩ་
འཛུགས་པ་ས་དམར་གྲགས་པ་ལ་བོད་ཀྱི་དེང་
རབས་ན་གཞོན་རྩོམ་པ་བོའི་མིང་གསོལ་བ།

          ཐེངས་འདིར་གདན་ཞུ་ཞུས་པའི་སྐུ་མགྲོན་དག་ནི། བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་འཇིགས་མེད་ཕུན་རྒྱལ་ལགས་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་དབུ་འཛིན་དོན་གྲུབ་རྡོ་རྗེ་ལགས། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་སྤྱི་ཁྱབ་དབུ་འཛིན་འགྲོ་འདུལ་རྡོ་རྗེ་ལགས། ལྷ་ས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་དཔལ་འབྱོར་ལགས། བོད་ལྗོངས་སློབ་གསོ་ཐིང་། བོད་ལྗོངས་སློབ་གསོའི་རྩོམ་སྒྲིག་པ་རིག་འཛིན་གྲགས་ལྡན་ལགས། ཆོས་གྲོགས་དྲ་བའི་གཙོ་བདག་ན་གཞོན་རྩོམ་པ་བོ་གཡུ་རྒྱལ་ལགས། བོད་ལྗོངས་སྨན་རྩིས་ཁང་གི་བོད་སྨན་ཞིབ་འཇུག་པ་སྐལ་བཟང་སྐྱབས་ལགས། བོད་ཀྱི་ན་གཞོན་རྩོམ་པ་བོ་དཔྱི་ས་དཔལ་བཟང་། ན་གཞོན་རྩོམ་པ་བོ་མོན་སྡེ་བྱ་ཁུ་ལོ། བོད་ལྗོངས་བརྙན་འཕྲིན་ཁང་གི་སྒྲོན་མའི་ལས་ཚན་གྱི་གཙོ་སྐྱོང་མཁན། རྩོམ་པ་བོ་ཁྱུང་པོ་ཚེ་རིང་དཔལ་རྒྱལ་སོགས་གཙོ་བྱས་པའི་རང་འགུལ་གྱིས་འོངས་པའི་དགེ་རྒན་དང་སློབ་མ40ལྷག་ཅིག་དང་འགྲན་ཞུགས་མཁན་མི27བཅས་མི80ལྷག་འདིར་ཕེབས་ཡོད་དོ།།    


འབྲེལ་ཡོད་འོས་སྦྱོར།