པེ་ཅིང་དུ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་བརྗོད་བྱ་གཙོ་བོའི་སྣུམ་མཚོན་རི་མོ་འགྲེམས་སྟོན་བྱས་པ།
ཉེ་ལམ་ཀྲུང་གོའི་མཛེས་རིས་ཁང་དུ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་བརྗོད་བྱར་བྱས་པའི་སྣུམ་མཚོན་རི་མོ་འགྲེམས་སྟོན་འགོ་ཚུགས་ཤིང༌། རི་མོའི་འགྲེམས་སྟོན་ནང་རི་མོ་བརྒྱ་ཙམ་ཡོད་པ་དེ་དག་གིས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས། བོད་ལྗོངས་ས་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་ཡོད་པ་རེད།
ཐེངས་འདིའི་འགྲེམས་སྟོན་ནང་ཞུགས་མཁན་རི་མོ་བ་ཁྱོན་བསྡོམས28ཡོད་པ་དེའི་ནང་བོད་ཀྱི་རི་མོ་བ་གྲགས་ཅན10ཡོད་པ་དང་རི་མོ115ཡོད་པ་དེའི་ནང་རྟེན་འབྲེལ་ཞུ་བའི་རི་མོ8ཡོད་ཅིང༌། ཕུལ་དུ་བྱུང་བའི་སྒྱུ་རྩལ་མཁས་ཅན་མང་པོའི་རི་མོ་དེ་དག་གིས་བོད་ཀྱི་ཉམས་འགྱུར་ཟབ་མོ་མཚོན་པ་དང་བཀྲིས་ལྷུན་པོ་དགོན་དང༌། བོད་རིགས་གཞོན་ནུ། གནས་མཇལ་བ། ནས་འདེབས་པ་སོགས་བརྗིད་ཆགས་ཉམས་དང་ལྡན་ལ་ལྟ་ན་སྡུག་པའི་རི་མོ་དེ་དག་གིས་དེ་བས་བོད་ལྗོངས་ས་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་ཡོད།