logo

མང་རྫོང་བཅའ་སྡོད་སློབ་ཆུང་གཉིས་པས་འཛུགས་སྐྲུན་འགྲུབ་སྟོན་དང་སློབ་འགོ་ཚུགས་པའི་མཛད་སྒོ་སྤེལ་བ།

རྩོམ་པ་པོ།:བཀྲ་ཤིས་དོན་འགྲུབ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས། དུས་ཚོད།:2011-09-22 ཀློག་གྲངས།:


མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་ཐོག་ཁང་།

མང་རྫོང་བཅའ་སྡོད་སློབ་ཆུང་གཉིས་པའི་སྒོ་ཆེན།

  ཟླ9བའི་ཚེས15ཉིན་མང་རྫོང་གི་བཅའ་སྡོད་སློབ་ཆུང་གཉིས་པས་འཛུགས་སྐྲུན་བཟོ་བཀོད་ལེགས་འགྲུབ་དང་སློབ་འགོ་ཚུགས་པའི་མཛད་སྒོ་སྤེལ། སློབ་གྲྭ་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་སྒྲིག་གཞི་སྙོམས་སྒྲིག་སྐབས་གཉིས་པ་དང་། རྒྱལ་ཡོངས་སློབ་རའི་བདེ་འཇགས་བཟོ་སྐྲུན་གྱི་རྣམ་གྲངས་གཉིས་ཟུང་དུ་སྦྲེལ་ནས2010ལོའི་ཟླ5བའི་ཚེས27ཉིན་ལས་འགོ་བརྩམས་པ་དང2011ལོའི་ཟླ8པའི་ཚེས20ཉིན་དངོས་སུ་ལས་འགྲུབ་བྱུང་བ་རེད།


སློབ་གཙོ་ནོར་བུ་འབུམ་གྱིས་གཏམ་བཤད་གནང་བཞིན་པ།
འགྲུབ་སྟོན་དང་སློབ་འགོ་ཚུགས་པའི་མཛད་སྒོའི་སྟེང་ཕེབས་པའི་མང་རྫོང་གི་འབྲེལ་ཡོད་འགོ་ཁྲིད།

ལྷ་རྫས་ཁ་བཏགས་བཟུང་ནས་མཛེས་པའི་སློབ་གྲྭའི་དགའ་སྟོན་ལ་རྟེན་འབྲེལ་ཞུ།

  སློབ་གྲྭ་འདིའི་སའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་དགུ་ཁྲི་ཆིག་སྟོང་བརྒྱ་ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་ཆིག་ཁྲི་ལྔ་སྟོང་དྲུག་བརྒྱ་ཉེར་གཉིས་ཡོད། སློབ་གྲྭ་འདིར་ལོ་རིམ་བཞི་བ་ནས་དྲུག་པའི་རོང་འབྲོག་ཕྱོགས་ཀྱི་སློབ་མ་བསྡོམས་པས་ཆིག་སྟོང་གཉིས་བརྒྱ་ལྷག་དང་དགེ་བཟོ་བ་བརྒྱ་དང་ཉི་ཤུ་ལྷག་ཡོད་པ་རེད། སློབ་གྲྭ་འདི་ནི་མང་རྫོང་དུ་དེང་རབས་སློབ་ཁྲིད་ཀྱི་ཡོ་བྱད་ཆ་ཚང་ཞིང་དགེ་རྒན་གྱི་དཔུང་སྡེའི་ཆེད་ལས་ཅན་ཡིན་པའི་སློབ་གྲྭ་གཅིག་པུ་རེད།
  ཟླ9བའི་ཚེས15ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་བཅའ་སྡོད་སློབ་ཆུང་གཉིས་པའི་འགྲུབ་སྟོན་དང་སློབ་འགོ་ཚུགས་པའི་མཛད་སྒོ་སྤེལ་ཞིང་། ཚོགས་ཐོག་ཏུ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་བརྒྱ་ལྷག་ཡོང་ནས་འགྲུབ་སྟོན་ལ་རྟེན་འབྲེལ་ཞུས་པར་མ་ཟད་དགེ་སློབ་རྣམ་པས་དགའ་བའི་གླུ་དང་སྐྱིད་པའི་བྲོ་གར་སྣ་ཚོགས་ཀྱིས་སློབ་གྲྭ་གསར་བའི་འགྲུབ་སྟོན་ལ་དགའ་སྟོན་རྟེན་འབྲེལ་ཞུས།


སློབ་གྲྭའི་རྩིས་འཁོར་ཁང་།

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་མའི་མལ་ཁང་།


འབྲེལ་ཡོད་འོས་སྦྱོར།