logo

མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་གསུམ་པའི་འགོ་རྩོམ་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:རྡོ་རྗེ་བསམ་གྲུབ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ།    དུས་ཚོད།:2011-08-10 ཀློག་གྲངས།:


མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི་འགོ་རྩོམ་མཛད་སྒོའམ་མཐོ་རིམ་རིག་གནས་གླེང་བསྡུས་པ།

            ཟླ8པའི་ཚེས8ཉིན་གྱི་སྔ་དྲོའི་ཆུ་ཚོད9ཡི་སྟེང་། མཚོ་སྔོན་དགེ་ཐོན་སློབ་ཆེན་རིག་རྩལ་འཁྲབ་སྟོན་ཁང་དུ་མི་ཚོགས་འདུས་ཤིང་སྙན་ངག་གི་རྦ་རླབས་མཁའ་རུ་འཕྱོ་བ་མ་ཟད། མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་གསུམ་པའི་འགོ་རྩོམ་མཛད་སྒོའམ་མཐོ་རིམ་རིག་གནས་གླེང་བསྡུས་པ་རེད།


ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐེ་ཉིང་གིས་འགོ་རྩོམ་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བཞིན་པ།

            ཟླ8པའི་ཚེས8ཉིན་གྱི་སྔ་དྲོར། མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་གསུམ་པ་ཟི་ལིང་དུ་འགོ་བརྩམས་ཤིང་། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐེ་ཉིང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་ཆང་ཝེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལའོ་ཧུའེ་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཞའོ་ཆིན། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མིན་སོགས་འགོ་ཁྲིད་འགོ་རྩོམ་མཛད་སྒོར་ཞུགས།


མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལའོ་ཧུའེ་ཉིན་གྱིས་འགོ་རྩོམ་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བཞིན་པ།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཀྲུང་གོ་སྙན་ངག་ལྷན་ཚོགས་ཀྱི་རྒྱུན་ལས་
ཚོགས་གཙོ་གཞོན་པ་ཅི་ཏེ་མ་ཅས་འགོ་རྩོམ་མཛད་སྒོར་འགོ་འཛིན་མཛད་བཞིན་པ།

            ལའོ་ཧུའེ་ཉིན་གྱིས་བཤད་རྒྱུར། ཐེངས་འདིའི་སྙན་ངག་དུས་ཆེན་ལ་རྒྱལ་ཁབ་དང་ས་ཁུལ55ཡི་སྙན་ངག་པ200ལྷག་གདན་ཞུ་བྱས་ཡོད་པས་ཐེངས་སྔོན་མ་དང་བསྡུར་ན་ཆེས་མང་ལ། དེའི་རིག་གནས་ཀྱི་རྒྱབ་ལྗོངས་ཀྱང་ཕུན་སུམ་ཚོགས་པོ་ཡོད་པ་དང་། སྐད་བརྡའི་མ་ལག་སྔར་བས་ཁྱབ་རྒྱ་ཆེ་བར་ཡོད། སྙན་ངག་དུས་ཆེན་གྱི་སྐབས་སུ། རང་ཉིད་ཀྱི་བསམ་བློ་བརྗོད་ཆོག་པའི་མཐོ་རིམ་རིག་གནས་གླེང་སྟེགས་དང་སྙན་ངག་པའི་གསར་རྩོམ་གྱི་བསམ་འདུན་ལ་སྐུལ་སྤེལ་བྱེད་པའི་ཡུལ་དངོས་ཀྱི་རྒྱུ་ཆ་འཚོལ་བསྡུའི་བྱ་འགུལ། ད་རུང་རྩོམ་པ་པོའི་མྱོང་ཚོར་ལྷུག་པོར་བརྗོད་ཆོག་པའི་སྙན་ངག་གྱེར་འདོན་སོགས་སྤེལ་རྒྱུ་ཡིན།


མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི་འགོ་རྩོམ་མཛད་སྒོར་ཞུགས་པའི་འགོ་ཁྲིད་དང་སྐུ་མགྲོན།

            འགོ་རྩོམ་མཛད་སྒོའི་རྗེས་སུ། གླིང་ཆེན་སོ་སོ་ནས་ཡོང་བའི་སྙན་ངག་པའི་འཐུས་ཚབ་པས་རྒྱལ་སྤྱིའི་བརྗེ་རེས་འོག་མི་རིགས་སོ་སོའི་སྐད་བརྡའི་ཁྱད་པར་རང་བཞིན་དང་སྙན་ངག་ལོ་ཙཱའི་གསར་རྩོམ་རང་བཞིན་བརྗོད་བྱར་བཟུང་སྟེ་གཏམ་བཤད་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།