logo

དེང་རབས་སྙན་ངག་གི་མི་རབས་བཞི་བའི་འདུ་ཚོགས་སྐབས་གཉིས་པ་རྩེ་ཁོག་རྫོང་ནས་གཟབ་རྒྱས་ངང་འཚོགས་པ།

རྩོམ་པ་པོ།:ཆོས་ཤུལ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-09 ཀློག་གྲངས།:


ཚོགས་ཞུགས་མི་སྣ་ཡོངས།


ཚོགས་མི་ནང་ཁུལ་གྱིས་བགྲོ་བཞིན་པའི་ཟུར་ཞིག

            ཉེ་ལམ།  བོད་ཀྱི་དེང་རབས་སྙན་ངག་གི་མི་རབས་བཞི་བའི་འདུ་ཚོགས་སྐབས་གཉིས་པ་རྩེ་ཁོག་རྫོང་གི་རྩེ་ཆུ་རིང་མོའི་ཉེ་འགྲམ་དུ་འཚོགས་ཤིང་། ཚེས1ཉིན་གྱི་དགོང་མོ་མི་རབས་བཞི་བའི་ཚོགས་པ་ནང་ཁུལ་གྱི་ཚོགས་འདུ་བསྡུས་ཤིང་བོད་ཀྱི་རྩོམ་སྟེགས་སྒང་གི་ཅུང་གྲགས་ཆེ་བའི་སྙན་ངག་སྐོར་ཞིག་ལ་རང་རང་གི་ལྟ་ཚུལ་ཅི་ཡོད་ལྷུག་པོར་བརྗོད་ཅིང་།   ཚོགས་མི་རེ་རེའི་སྙན་ངག་ལ་མི་སྒེར་རང་ངོས་ནས་ལྟ་ཚུལ་ཅི་ཡོད་ཁ་གསལ་གཏིང་གསལ་གྱིས་བརྗོད་སོང་།

 
ཚོགས་འདུའི་ཟུར་ཞིག
  


སྙན་ངག་པ་རྒན་གཞོན་གཉིས་ཀྱི་སེམས་པའི་ལག་འཇུ།

            ཚེས2ཉིན་གྱི་ཞོགས་པའི་ཉི་ཟེར་དང་འགྲོགས་ནས་ཚོགས་ཞུགས་མི་སྣ་དང་ལྷན་དུ་བོད་ཀྱི་རྩོམ་རིག་དང་བརྙན་རིས་སྒྱུ་རྩལ་སོགས་ཚོགས་ཞུགས་མི་སྣ་སོ་སོའི་བློ་ཡི་མོས་པ་བཞིན་དུ་གུ་ཡངས་ངང་བགྲོ་གླེང་བྱས།


གནམ་སའི་བར་ལ་སྙན་ངག་འབུལ་བཞིན་པ།

            ཐེངས་འདིའི་ཚོགས་ཞུགས་མི་སྣ་ནི་མི་རབས་བཞི་བའི་ཚོགས་མི་གེའུ་དང་དགེ་ཆོས།  རྩེ་སྲས་ཨ་རྡོ།  ཆོས་ཤུལ་གསང་བདག  འབྲོག་བུ་དཀོམ་བཀྲ།  ཚོགས་ཞུགས་སྐུ་མགྲོན། བོད་ཀྱི་སྙན་ངག་པ་གྲགས་ཅན་ཁྱུང་ཐར་རྒྱལ་དང་མྱི་ཆེན།  ན་གཞོན་རང་ཡན་པ་དུར་ཐང་།  རྩེ་རྡེའུ།  <<རྩེ་ཆུའི་ཟེགས་མ>>འི་རྩོམ་སྒྲིག་པ་སྟག་ལྷ་རྒྱལ།  ཉི་ཧོང་བུ་མོ་གཡང་ཕྱུག་འཚོ།  རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་མ་སྐོར་ཞིག་བཅས་འདུས་ཡོད།


འབྲེལ་ཡོད་འོས་སྦྱོར།