logo

མཚོ་སྔོན་སློབ་ཆེན་མི་རིགས་ཚན་རིག་རིག་གནས་ལྟེ་གནས་ཤིག་བཙུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-04 ཀློག་གྲངས།:

            ཟླ8ཚེས1ཉིན།    མཚོ་སྔོན་སློབ་ཆེན་དང་ཀྲུང་གོ་ཚན་རྩལ་ལོ་རྒྱུས་ལྷན་ཚོགས་གཉིས་ཀྱིས“མཚོ་སྔོན་སློབ་ཆེན་མི་རིགས་ཚན་རིག་རིག་གནས་ལྟེ་གནས”འཛུགས་པར་མཉམ་འབྲེལ་བྱེད་པའི་གཅིག་མཐུན་གྱི་ལྟ་བ་བྱུང་ཞིང་། “མཚོ་སྔོན་སློབ་ཆེན་མི་རིགས་ཚན་རིག་རིག་གནས་ལྟེ་གནས”འཛུགས་པའི་མཉམ་འབྲེལ་གྲོས་མཐུན་ཡི་གེ་བཀོད་པ་རེད། མཉམ་འབྲེལ་གྲོས་མཐུན་ཡི་གེ་དུས་ཡུན་ལོ་ལྔ་ཡིན་པ་རེད།    
            “མཚོ་སྔོན་སློབ་ཆེན་མི་རིགས་ཚན་རིག་རིག་གནས་ལྟེ་གནས”ཀྱི་དམིགས་ཡུལ་ནི་མི་རིགས་ཚན་རིག་ལས་དོན་གཉེར་མཁན་བར་ལ་མཐུན་སྒྲིལ་དང་།   མི་རིགས་ཚན་རིག་རིག་གནས་བྱ་གཞག་འཕེལ་རྒྱས་ལ་ཡར་སྐུལ།    མི་རིགས་ཚན་རིག་རིག་གནས་མི་སྣའི་ཆུ་ཚད་མཐོར་འདེགས་བྱེད་པ།   མི་རིགས་ཚན་རིག་རིག་གནས་ཤེས་བྱ་ཁྱབ་བརྡལ་དུ་གཏོང་བ་སོགས་ཡིན།  མི་རིགས་ཚན་རིག་རིག་གནས་ཞིབ་འཇུག་དང་ཁྱབ་བརྡལ་དུ་གཏོང་བའི་འབྲེལ་ཡོད་ཁྱབ་ཁུངས་སུ་རྣམ་པ་ཕུན་སུམ་ཚོགས་པའི་རིག་གཞུང་ཚོགས་འདུ་དང་།   ཞིབ་འཇུག་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་ཀྱི་བསམ་བློ་བརྗེ་རེས་ཀྱི་བྱ་འགུལ་སྤེལ་ཏེ་རིག་གཞུང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་།    ཕྱི་རྒྱལ་རིག་གཞུང་མཐུན་ཚོགས་དང་རིག་གནས་ཆེད་མཁས་པའི་བར་རིག་གཞུང་བསམ་བློ་བརྗེ་རེས་དང་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ།   མི་རིགས་ཚན་རིག་རིག་གནས་སློབ་གསོ་དང་ཁྱབ་བརྡལ་བྱ་བར་ཡར་སྐུལ་བྱེད་པ།    
            མི་རིགས་ཚན་རིག་རིག་གནས་ཀྱི་དུས་དེབ་རྩོམ་སྒྲིག་དཔར་སྐྲུན་བྱེད་པ།  རྒྱལ་ཁབ་ཕྱི་ནང་གི་མི་རིགས་ཚན་རིག་རིག་གནས་རིག་གཞུང་གསར་སྤེལ་གནས་ཚུལ་མཚམས་སྦྱོར་བྱེད་པ།   མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་རིག་གནས་འཛུགས་སྐྲུན་ལས་རིགས་ལ་བློ་འདོན་གྱི་ནུས་པ་ཐོན་པ་དང་།  མ་སྐུལ་དང་བླང་སྒོས་འབྲེལ་ཡོད་ལས་ཁུངས་ལ་འོས་འཚམས་ཀྱི་བསམ་འཆར་འདོན་པ།  དངོས་ཐོག་ནས་མི་རིགས་ཚན་རིག་རིག་གནས་ལས་དོན་གཉེར་མཁན་གྱི་བསམ་འཆར་དང་དགོངས་ཚུལ་མཚོན་པར་བྱེད་པ།   མཛད་རྗེས་གཟེངས་སུ་ཐོན་པའི་མི་རིགས་ཚན་རིག་རིག་གནས་ལས་དོན་གཉེར་མཁན་ལ་བྱ་དགའ་གནང་བ་སོགས་ཡིན།   
            ཀྲུང་གོའི་ཚན་རྩལ་ལོ་རྒྱུས་ལྷན་ཚོགས་ནི་ཀྲུང་གོའི་ཚན་རྩལ་ལོ་རྒྱུས་ལས་དོན་གཉེར་མཁན་གྱིས་རང་འགུལ་སྒོས་རྩ་འཛུགས་གནང་བ་དང་།  ཁྲིམས་ལྟར་ཐོ་འགོད་བྱས་པའི་རྒྱལ་ཡོངས་རང་བཞིན་དང་རིག་གཞུང་རང་བཞིན་གྱི་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཤིག་ཡིན་ཞིང་།  ཀྲུང་གོའི་ཚན་རྩལ་ལྷན་ཚོགས་ཀྱི་ཁུངས་སུ་གཏོགས་པའི་རིམ་པ་དང་པོའི་མཐུན་ཚོགས་ཨུ་ཡོན་ཞིག་ཡིན་ལ།   རྒྱལ་སྤྱིའི་ཚན་རྩལ་ལོ་རྒྱུས་ལྷན་ཚོགས་ཀྱི་རྒྱལ་ཁབ་ཨུ་ཡོན49ནང་གི་གཅིག་ཡིན།


འབྲེལ་ཡོད་འོས་སྦྱོར།