ངལ་རྫིའི་སྙན་ངག་རིང་མོ《འདོད་ཁམས》ཞེས་པ་པར་དུ་བསྐྲུན་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།
དུས་ཚོད།:2011-08-03
ཀློག་གྲངས།:
ངལ་རྫིའི་སྙན་ངག་རིང་མོ《འདོད་ཁམས》།
ཉེ་ལམ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཡོན་ཏན་ལགས་སམ་པིར་མིང་ལ་ངལ་རྫིར་འབོད་པའི་སྙན་ངག་པ་གང་གི་སྙན་ངག་རིང་མོ《འདོད་ཁམས》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཞིང་། སྙན་ངག་རིང་མོ་དེ་ནི་བོད་ཀྱི་དེང་རབས་སྙན་ངག་གི་ལམ་བུ་གསར་བ་ཞིག་གཏོད་པར་ཚོད་ལྟའི་ཚུལ་དུ་སྙན་ངག་པ་ཁོང་གིས་མི་ལོ་བཅུའི་སྔོན་དུ་བྲིས་པ་ཞིག་ཡིན་ལ་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་བཀོད་པའི་སྙན་ངག་རིང་མོ་ཐོག་མ་དེའང་ཡིན།
སྙན་ངག་རིང་མོ་དེས་ཉོན་མོངས་དང་འབྱུང་གཞིའི་ཀློང་དུ་ཚུད་པའི་འདོད་ཁམས་གསར་བ་ཞིག་དབྱངས་གསལ་གྱི་རི་མོར་བཀོད་དེ་ཀློག་མཁན་གྱི་སྣང་བའི་ཁམས་སུ་མངོན་པར་བྱས་ཡོད་པས་ལྟ་ཀློག་གི་རིན་ཐང་ཡང་རྒྱ་ཆེར་ལྡན་པ་ཡིན།
འབྲེལ་ཡོད་འོས་སྦྱོར།