བོང་སྟག་རི་ལུའི་སྙན་དེབ་བཞི་བ《ང་ལ་གསེར་སྒ་གཏད་ཡོད》ཅེས་པ་པར་དུ་སྐྲུན་པ།
བོང་སྟག་རི་ལུའི་སྙན་དེབ་བཞི་བ《ང་ལ་གསེར་སྒ་གཏད་ཡོད》ཅེས་པ་པར་དུ་སྐྲུན་པ།
ཉེ་ཆར། བོང་སྟག་རི་ལུའི་སྙན་དེབ་བཞི་བ《ང་ལ་གསེར་སྒ་གཏད་ཡོད》ཅེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཀྱི་དེང་རབས་སྙན་ངག་དཔེ་ཚོགས་ཀྱིས་གྲས་སུ་པར་དུ་སྐྲུན་ཡོད་ཅིང་། ཁོས་འབྲོག་སྡེ་གསར་བ་དང་གྲོང་ཁྱེར་གྱི་འཚོ་བ། ལྕགས་ཀྱི་ཕོར་བ་ལྟ་བུའི་དེང་གི་དུས་འདིར་མི་གླེང་ཐུ་མེད་ཀྱི་བརྗོད་བྱ་རབ་དང་རིམ་པ་ཞིག་སྟེ《ང་ལ་གསེར་སྒ་བསྟད་ཡོད》། 《འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག》། 《རང་ཉིད་ལ་ར་སྐོར་བརྒྱབ་ཚུལ》། 《རྒྱལ་ཁབ་དྲིན་ཆེན་པོ》། 《ཚ་མོའི་སྐྱེས་སྐར་ལ་བྲིས་པའི་སྙན་ངག》། 《མཁའ་མོ། ང་བཟི་སོང》། 《གཙོད་གྲོང་ཁྱེར་ནས་གཙོད་དྲན་པ》། 《ཁྱེད་ཀྱི་ཤོག་སྦག་དང་བདག་གི་བསང་ཁྲི》། 《མ་མི་ནང་འགལ་གྱི་སྐད་ཆ་འགའ》ལ་སོགས་པའི་སྙན་ངག་འབྲི་བཞེངས་ཞེས་པར་མ་ཟད། གཞུང་སྒེར་གྱི་དུས་དེབ་དང་དྲ་ཚིགས་དག་ལས་རྒྱུན་པར་མཐོང་ཐུབ་པ་ཡིན།
དཀར་ཆག ཚན་པ་དང་པོ། བཅད་རྩོམ་སྙན་ངག
དཀར་ཆག ཚན་པ་དང་པོ། བཅད་རྩོམ་སྙན་ངག
དཀར་ཆག ཚན་པ་གཉིས་པ། གྲོལརྩོམ་སྙན་ངག
དཀར་ཆག ཚན་པ་གཉིས་པ། གྲོལརྩོམ་སྙན་ངག
རྩོམ་པ་པོས་མཇུག་བྱང་དུ“ད་རེབ་ཀྱི་སྙན་དེབ་འདི་ནི་ཁ་གྲངས་ཀྱི་ལམ་ནས་བརྩིས་ན་བདག་གི་སྙན་དེབ་བཞི་བ་རུ་ཆགས་ཡོད། ཡིན་ན་ཡང་། སྔོན་ཆད་ཀྱི་སྙན་ངག་དག་དང་ཅུང་མི་འདྲ་ས་ཞིག་ནི་དངོས་ཡོད་འཚོ་བ་དང་ཇེ་ཉེར་ཕྱིན་ཡོད་ཅིང་། ཕོ་ཚོད་དང་མཉམ་པའི་སྐད་ཆ་ཁ་ཤས་བརྗོད་ཐུབ་སོང་བ་དེ་རེད། དེ་ནི་ང་རང་གི་མི་གཤིས་ཀྱི་ཆ་ཞིག་ཀྱང་ཡིན་ཏེ། ང་ནི་ཁ་དོག་གཅིག་རྐྱང་བ་ཁོ་ན་ཞིག་ལ་དགའ་བ་ལས། ཁྲ་ཁྲ་མ་ཁྲ་བྱེད་རྒྱུར་དེ་འདྲའི་དགའ་བོ་མེད། མི་ཚེའི་བཞུད་ལམ་ལ་ཕྱིར་བལྟ་ཞིག་བྱས་པ་ན། རང་ཉིད་ཕོ་ལོ་སུམ་ཅུའི་ཐེམ་སྐས་བརྒལ་གྱིན་འདུག བདག་གི་གྲོགས་དང་གྲོགས་མོ་ཚོས་ཡིད་དུ་འོངས་པའི་ཁྱིམ་ཐབ་རེ་བསུས་ནས་སྙིང་དུ་སྡུག་པའི་ཁྱེའུ་རེ་བཙས་འདུག་ན་ཡང་། བདག་གིས་ནི་སྙན་ངག་ལས་ལྷག་པའི་སྙིང་གྲོགས་ཤིག་ད་དུང་རྙེད་མ་བྱུང”ཞེས་བཀོད་ཡོད་པ་ནང་བཞིན། ང་དང་ང་ལྟ་བུའི་ཀློག་པ་པོ་རྣམས་ལ་ངེས་ཤེས་ཟབ་མོ་ཞིག་སྟེར་བ་རེད།