logo

མཚོ་སྔོན་གྱི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཆེད་བསྒྲིགས་དགོང་ཚོགས་སྐབས་དང་པོ་རྐང་ཚ་ནས་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-29 ཀློག་གྲངས།:


མཚོ་སྔོན་གྱི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཆེད་བསྒྲིགས་དགོང་ཚོགས་སྐབས་དང་པོ།
 

            ཉམས་རྒུད་དུ་འགྲོ་བཞིན་པའི་བོད་ཀྱི་ལོ་རྒྱུས་རིག་གནས་ཤུལ་བཞག་མྱུར་སྐྱོབ་བྱེད་དང་།   སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་དུ་གཏོང་བ།   ཐུན་མོང་མ་ཡིན་པའི་རྐང་ཚའི་ཡུལ་སྐོར་ཐོན་ལས་སྔོག་འདོན།   ས་གནས་སྤྱི་ཚོགས་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་པར་ཡར་སྐུལ་བྱེད་པ།  ས་གནས་མང་ཚོགས་ཀྱི་རིག་གནས་སྤྲོ་གསེང་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ཀྱི་ཆེད་དུ། བོད་མི་རིགས་ཀྱི་སྲོལ་རྒྱུན་གླུ་གར་གྱི་ཁྱད་རྟགས་མངོན་པར་བྱས།   
            ཉེ་ལམ།    རྐང་ཚ་རྫོང་མི་དམངས་སྲིད་གཞུང་དང་། མཚོ་སྔོན་ཞིང་ཆེན་གཞས་པའི་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲིག་དང་། རྐང་ཚ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་།  རྐང་ཚ་རྫོང་སྤྱིའི་བཟོ་ཚོགས་གཉིས་ཀྱིས་འགན་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་གྱི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཆེད་བསྒྲིགས་དགོང་ཚོགས་སྐབས་དང་པོ་རྐང་ཚ་རྫོང་བོད་མཁར་སྒྱུ་རྩལ་འཁྲབ་སྟོན་ཁང་དུ་བསྡུས་པ་རེད།  
            དགོང་ཚོགས་སུ་ཞིང་ཆེན་དང་ཁུལ་རིམ་པའི་སྐུ་མགྲོན་གདན་འདྲེན་ཞུས་ཤིང་།  རྫོང་ཡོངས་ཀྱི་རྫོང་རིམ་གཞོན་པ་ཡན་གྱི་འགོ་ཁྲིད་དང་།   སྡེ་ཁག་དང་ལས་ཁུངས་སོ་སོའི་འགན་ཁུར་མི་སྣ་གཙོ་གྲས།   ལས་འཁྱུར་ངལ་གསོའི་ལས་བྱེད་པ།  དེ་མིན་རྫོང་ཡོངས་མང་ཚོགས་འཐུས་ཚབ200ལྷག་ཐེངས་འདིའི་དགོང་ཚོགས་ལ་ཞུགས་པ་རེད།   

            དགོང་ཚོགས་འདི“ཆེད་མཁས་པར་བཅར་འདྲི་བྱེད་པ”དང“མགུར་གླུ་གཏོང་བ”ཞེས་ཁག་གཉིས་སུ་བཀར་ཡོད་ཅིང་།  ཆེད་མཁས་པར་བཅར་འདྲི་བྱེད་པ་དེ་མཚོ་སྔོན་བརྙན་འཕྲིན་ཁང་གི་མིང་དུ་གྲགས་པའི་མདོ་འཛིན་པ་ཤས་ཧོང་ཡཱན་དང་ལྷ་མོ་ཡག་གཉིས་ཀྱིས་མདོ་འཛིན་མཛད་པ་ཡིན་ལ།   《མང་ཚོགས་སྒྱུ་རྩལ》གྱི་རྩོམ་སྒྲིག་པའམ་རྩོམ་རིག་འབུམ་རམས་པ།   རིག་གནས་ཆེད་མཁས་པ་མཁའ་འབུམ་དང་།   པེ་ཅིང་ཧི་མ་ལ་ཡའི་གློག་བརྙན་རིག་གནས་དྲིལ་བསྒྲགས་ཚད་ཡོད་ཀུན་ཟིའི་འགོ་གཙོའམ་རྩོམ་རིག་འབུམ་རམས་པ། བོད་ཀྱི་མིང་དུ་གྲགས་པའི་སྙན་ངག་པ་གངས་ཞུན།   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་མི་རིགས་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་འགོ་གཙོ་གཞོན་པ།  《སྦྲང་ཆར》དུས་དེབ་ཀྱི་རྩོམ་སྒྲིག་གཞོན་པའམ་རྩོམ་པ་པོ་བཀྲ་ཤིས་དོན་གྲུབ།   མཚོ་སྔོན་བརྙན་འཕྲིན་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པའམ་ཞིབ་འཇུག་གཞོན་པ།  ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཨུ་ཡོན།     མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་མཐུན་ཚོགས་ཀྱི་ལས་འཛིན་པ་ཀཱའུ་ཅན་ཀྲུང་སོགས་ཆེད་མཁས་པ་གདན་འདྲེན་ཞུས་ཤིང་།  ཚངས་དབྱམས་རྒྱ་མཚོའི་སྐྱེ་རབས་དང་མི་ཚེའི་བརྒྱུད་རིམ།  སྒྱུ་རྩལ་ཁྱད་ཆོས།   སྙན་ངག་གསར་གཏོད་ཀྱི་ཁྱད་ཆོས།  དེ་མིན་དེས་མཚོ་སྔོན་ཡུལ་སྐོར་དཔལ་འབྱོར་ཐད་ཀྱི་ནུས་པ།   རྗེས་ཕྱོགས་བྱ་བའི་ཁྲོད་དུ་ཚངས་དབྱངས་རྒྱ་མཚོ་མགུར་གླུ་འདི་ཇི་ལྟར་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་ལ་ཆེད་དོན་བཅར་འདྲི་བྱས།  དེ་ཡང་བཅར་འདྲི་བྱས་པ་བརྒྱུད་དེ་ཚོགས་ཞུགས་སྐུ་མགྲོན་དང་གཟིགས་མོ་བ་ལྷན་རྒྱས་ཀྱིས་ཚངས་དབྱངས་རྒྱ་མཚོ་དང་ཁོང་གི་མགུར་གླུ་ལ་ཅུང་རྒྱུས་ལོན་པ་ཡིན་ལ།   ཕྱི་དྲོའི་ཆུ་ཚོད8ཀྱི་སྟེང་དགོང་ཚོགས་དངོས་སུ་འགོ་བརྩམས་པ་རེད། 
            རྐང་ཚའི་རྩྭ་ཐང་སྒྱུ་རྩལ་ཚོགས་པའི་འགོ་རྩོམ་བྲོ་གར་དང་བསྟུན་ཏེ།  མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་རྫོང་སོ་སོའི་ཚོགས་ཞུགས་གླུ་བ་གླུ་མ15ཡིས་གདངས་དབྱངས་སྙན་མོའི་འགྱུར་ཁུག་ལ་དྲངས་ནས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་བླངས་པ་ཡིན་ལ།  རང་ཉིད་ཀྱི་སེམས་ཁུངས་ན་བརྡོལ་བའི་བརྩེ་བ་དང་བཅས་ཆེས་བླ་ན་མེད་པའི་སྙན་ངག་པ་ཁོང་དྲན་པའི་འདུན་མ་བརྗོད་ཀྱི་ཡོད།  《དྲན་པའི་རྒྱང་གླུ》སོགས་སྙན་ངག་གྱེར་འདོན་ལས་གཟིགས་མོ་བ་རྣམས་སྙན་དབྱངས་ཀྱིས་ཕྱུག་པའི་འགྱུར་ཁུག་གཞན་ཞིག་ལ་དྲངས་ཤིང་།  རྣམ་པ་ཚོས་ཚངས་དབྱངས་རྒྱ་མཚོའི་གཏིང་ཟབ་པའི་སྙན་ངག་གི་བརྗོད་བྱ་སེམས་ཁུངས་སུ་ངེས་པར་བྲོ་བ་སྩལ།  དེ་མུར་གླུ་བ་འོད་ཟེར་ཚེ་རིང་དང་གླུ་མ་ཉི་མ་ལྷ་མོ་གཉིས་ཀྱིས་བླངས་བའི《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》ཡིས་གླུ་གཞས་དགོང་ཚོགས་འདིར་རྣམ་པ་གསར་བའི་སྤྲོ་བ་གཞན་ཞིག་བསྐྱེད་པ་རེད།


འབྲེལ་ཡོད་འོས་སྦྱོར།