logo

ལྷོ་ནུབ་མི་རིགས་སློབ་ཆེན་དང་རྔ་བ་ཁུལ་གྱིས་ཚན་རྩལ་མཉམ་འབྲེལ་གྲོས་གཞི་བཀོད།

རྩོམ་པ་པོ།:རྡོ་རྗེ་སེམས་དཔའ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-27 ཀློག་གྲངས།:


ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་དང་ཕྱུགས་ལས་ལས་རིགས་ཚད་མཐོའི་
ཚན་རྩལ་གསར་གཏོད་ཀྱི་ལག་ལེན་ཞིབ་འཇུག་འཕེལ་རྒྱས་གནས་གཞིའི་དབུ་ཚུགས་མཛད་སྒོ།

            ཟླ7པའི་ཚེས26ཉིན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་དང་ཕྱུགས་ལས་ལས་རིགས་ཚད་མཐོའི་ཚན་རྩལ་གསར་གཏོད་ཀྱི་ལག་ལེན་ཞིབ་འཇུག་འཕེལ་རྒྱས་གནས་གཞིའི་དབུ་ཚུགས་མཛད་སྒོ་དང༌། ལྷོ་ནུབ་མི་རིགས་སློབ་ཆེན་དང་རྔ་བ་ཁུལ་གྱི་ཚན་རྩལ་འཐབ་ཇུས་མཉམ་འབྲེལ་གྲོས་གཞིའི་མཆན་བཀོད་མཛད་སྒོ་དེ་ཧུང་ཡོན་རྫོང་ནས་གཟབ་རྒྱས་ངང་སྤེལ། 
            མཛད་སྒོ་རུ་རྔ་བ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་བྱས་པའི་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་ལྷོ་ནུབ་མི་རིགས་སློབ་ཆེན། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང༌། སི་ཁྲོན་ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང༌། ནང་སོག་ཞིང་འབྲོག་ལས་རིགས་ཚན་རིག་གླིང༌། སི་ཁྲོན་ཞིང་ཆེན་རྩྭ་ཐང་ཞིབ་འཇུག་ཁང༌།   ད་དུང་མཛོད་དགེ་རྫོང་དང་འབར་ཁམས་རྫོང༌། གཞི་སྡོད་དམག་དཔུང་སོགས་ཀྱི་འབྲེལ་ཡོད་དབུ་ཁྲིད་དང་མི་སྣ200ལྷག་མཛད་སྒོ་རུ་ཞུགས་ཡོད་པ་རེད། 
            ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ནོར་བུ་རྒྱལ་མཚན་གྱིས་སློབ་གྲྭའི་སྐུ་ཚབ་བྱས་ནས་གཏམ་བཤད་གནང་བ་དང་འབྲེལ་ཡོད་རྣམ་གྲངས་ཀྱི་ནང་དོན་ངོ་སྤྲོད་བྱས་ནས་བསྟན་དོན། རྗེས་ཕྱོགས་ཀྱི་ལས་དོན་ཁྲོད་དུ། སློབ་གྲྭས་གནས་གཞི་ཡིས་བརྟེན་ས་བྱེད་ཅིང་སྒོ་འབྱེད་ཀྱི་སློབ་སྒྲུབ་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་རྔ་བ་ཁུལ་གྱི་ཚན་རྩལ་འཐབ་ཇུས་མཉམ་འབྲེལ་གཏིང་ཟབ་སྒོས་སྤེལ་བར་སྐུལ་འདེད་བཏང་སྟེ། སྔར་ལས་ལེགས་པའི་སྒོ་ནས་ས་གནས་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་ཅིང་སློབ་གྲྭ་དང་ས་གནས་ཕྱོགས་གཉིས་ཀར་ཕན་བསྐྱེད་ལེགས་འབྱུང་ཡོང་བར་སྐུལ་འདེད་གཏོང་དགོས་པ་ལ། གནས་གཞི་འཛུགས་སྐྲུན་དང་ཤེས་ལྡན་མི་སྣ་བསྡུ་བ། སྒྱུར་བཀོད་དམ་འཛིན། ཞིབ་འཇུག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བཅས་བརྒྱུད་དེ།   གོམ་གང་མདུན་སྤོས་ཀྱིས་སློབ་གྲྭའི་ས་བབ་ལེགས་ཆ་དང་བསླབ་ཚན་ལེགས་ཆ། ཤེས་ལྡན་མི་སྣའི་ལེགས་ཆ་བཅས་འདོན་སྤེལ་བྱས་ནས། སྔར་ལས་ལེགས་པའི་སྒོ་ནས་སློབ་གྲྭའི་སློབ་ཁྲིད་ཞིབ་འཇུག་དང་སྤྱི་ཚོགས་ཞབས་ཞུ་མཉམ་འབྲེལ་བྱེད་པ་དང༌། ཧུང་ཡོན་རྫོང་སོགས་མི་རིགས་ས་ཁུལ་དུ་ཞིབ་འཇུག་འཕེལ་རྒྱས་ཀྱི་འབྲས་བུ་རིམ་གྱིས་རྒྱ་བསྐྱེད་ཀྱི་རྣམ་པར་བརྒྱུད་དེ་མཚོ་བོད་མཐོ་སྒང་དང་ནུབ་རྒྱུད་ས་ཁུལ་དུ་ཁྱབ་པར་བྱེད་པ་དང༌། ཧུར་བརྩོན་གྱིས་མི་རིགས་ས་ཁུལ་གྱི་སྲོལ་རྒྱུན་ཕྱུགས་ལས་ཐོན་ལས་དེང་རབས་ཅན་དང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ།   མི་རིགས་ས་ཁུལ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་གཉེར་བྱེད་པར་ནུས་པ་གསར་བ་དང་ལེགས་སྐྱེས་གསར་བ་འབུལ་དགོས་པ་རེད་ཟེར།


ལྷོ་ནུབ་མི་རིགས་སློབ་ཆེན་དང་རྔ་བ་ཁུལ་གྱི་ཚན་རྩལ་འཐབ་ཇུས་མཉམ་འབེལ་གྲོས་གཞིའི་མཆན་བཀོད་མཛད་སྒོ།

            ཉེ་བའི་ལོ་ཤས་ཀྱི་རིང་ལ། རྒྱལ་ཁབ་ཀྱི“ཐེངས་བཅུ་གཅིག་པའི་ལོ་ལྔའི”འཆར་བཀོད་དང་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལ་གཞིགས་ཤིང༌། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དངོས་ཡོད་གནས་ཚུལ་དང་མཚོ་བོད་མཐོ་སྒང་གི་འཕེལ་རྒྱས་ཀྱི་དགོས་མཁོར་འབྲེལ་ཏེ།   སློབ་གྲྭའི་ཏང་ཨུ་དང་སྲིད་འཛིན་གྱིས་དུས་ཚོད་དམ་འཛིན་དང་གོ་སྐབས་དང་ལེན་གྱིས“མཚོ་བོད་མཐོ་སྒང་སྐྱེ་ཁམས་ སྲུང་སྐྱོང་དང་ཕྱུགས་ལས་ལས་རིགས་ཚད་མཐོའི་ཚན་རྩལ་གསར་གཏོད་ཀྱི་ལག་ལེན་ཞིབ་འཇུག་འཕེལ་རྒྱས་གནས་གཞི”འཛུགས་པའི་འཐབ་ཇུས་ཀྱི་ཐབས་ཇུས་བཏོན་པ་རེད།  
            སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་ཧུང་ཡོན་རྫོང་ཨུ་རྫོང་སྲིད་གཞུང་གི་ཐུགས་ཁུར་རྒྱབ་སྐྱོར་གྱི་འོག་ཏུ་ཧུང་ཡོན་རྫོང་ཁྱུང་མཆུ་རྩྭ་ཐང་ནས་ས་ངོས་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ4700དང་བེད་སྤྱོད་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ8000  ཡོད་པའི་སྤྱི་ཁྱབ་གནས་གཞི་འཛུགས་སྐྲུན་བྱས་ཤིང་དེ་རུ་ཚོད་ལྟའི་ལྟེ་གནས་དང༌། གསོ་སྦྱོང་ལྟེ་གནས། གྲོས་ཚོགས་ལྟེ་གནས། རྒྱབ་ཕྱོགས་འགན་སྲུང་ལྟེ་གནས་བཅས་ཡོད་ལ།     སྒོར་ཁྲི་ཚོ་སྟོང་ཕྲག་འགའི་བརྟག་དཔྱད་སྒྲིག་ཆས་དང་ཚོད་ལྟའི་ནོར་གནག་བརྒྱ་ལྷག་ཡོད་པ་རེད།   སི་ཁྲོན་ཞིང་ཆེན་རྩྭ་ཁང་ཞིབ་འཇུག་ཁང་དང་ཧུང་ཡོན་རྫོང་མི་དམངས་སྲིད་གཞུང༌།   སི་ཁྲོན་ཞིང་ཆེན་ཕྱུགས་རིགས་གསོ་སྤེལ་ཁང་སོགས་ཀྱི་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ། བྱེད་ནུས་དང་སྒྲིག་བཀོད་ཆ་ཚང་བའི“མཐོ་སྒང་ཕྱུགས་ལས་ལས་རིགས་ཚན་རྩལ་གླིང་ཁུལ”དང“ཕྱུགས་རྩྭའི་ཐོན་ཁུངས་ཞིབ་འཇུག་དང་འདོན་སྤེལ་གླིང་ཁུལ”།  “ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་གླིང་ཁུལ”། “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བསྐྱར་གསོ་ཚོད་ལྟའི་གླིང་ཁུལ”།    “མི་རིགས་རིག་གནས་ལྗོངས་སྐོར་དང་འབྲོག་དམངས་གཞིས་གསར་འཚོ་བའི་དཔེ་སྟོན་གླིང་ཁུལ”བཅས་ཚན་རྩལ་གླིང་ཁུལ5ཡོད་པ་དང༌། དེ་དག་ནི་མཚོ་བོད་མཐོ་སྒང་ཕྱུགས་ལས་ལས་རིགས་དང་སྐྱེ་ཁམས་སྲུང་སྐྱོང༌། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པའི་གལ་ཆེའི་རིག་གཞུང་གི་བསམ་འཆར་བརྗེ་རེས་བྱེད་སའི་གར་སྟེགས་ཤིག་ཡིན་པ་རེད། 


འབྲེལ་ཡོད་འོས་སྦྱོར།