ཧྲིན་ཨན་ཏུང་ཉི་ཨའོ་རིག་རྫས་ཁང་གིས་བོད་ཀྱི་ཐང་ཀ་རྩ་ཆེན་ཞིག་ཉོ་སྒྲུབ་བྱས་པ།
འདི་ནི་དུས་རབས18པའི་སྐབས་ཀྱི་ཐང་ཀ་ཞིག་ཡིན།
ཧྲིན་ཨན་ཏུང་ཉི་ཨའོ་རིག་རྫས་ཁང་གིས་ཧ་ཅང་དཀོན་ཞིང་རིན་ཐང་གཞལ་དཀའི་བོད་ཀྱི་ཐང་ཀ་ཞིག་ཉོ་སྒྲུབ་བྱས་པ་ཁྱབ་བསྒྲགས་བྱས། ཨེ་ཤ་ཡ་སྒྱུ་རྩལ་གྱི་ཇུས་འགོད་པ་ཡོ་ཧན་ཡོ་ཧན་སི་ཏོན་གྱིས“འདི་ནི་ང་ཚོས་བསྡུ་ཉར་བྱས་པའི་བོད་ཀྱི་ཐང་ཀ་ཁྱད་འཕགས་ཅན་ཞིག་ཡིན་པ་མ་ཟད། ཐེངས་འདིའི་ཨ་རིའི་རི་མོ་འགྲེམ་སྟོན་ཁྲོད་ཀྱི་མཆོག་ཏུ་གྱུར་བ་ཞིག་ཀྱང་རེད”ཅེས་ཟེར།
བོད་ཀྱི་ཐང་ཀ་ལ་ལོ་ངོ་1700ལྷག་གི་ལོ་རྒྱུས་ལྡན་ཞིང་། མཛེས་ཤིང་ལྟ་ན་སྡུག་པའི་ཁ་དོག་དང་དེའི་སྟེང་དུ་བྱུག་པའི་གསེར་ཆུ་ནི་སྒྱུ་རྩལ་འདིའི་མཐུན་མིན་གྱི་ཁྱད་ཆོས་སུ་མངོན། རིག་རྫས་ཁང་དེ་གའི་བསྡུ་ཉར་བྱས་པའི་ཐང་ཀ་འདིའི་སྟེང་སངས་རྒྱས་ཀྱིས་སྒྲུབ་པ་རྩེ་གཅིག་ཏུ་གཞོལ་ཏེ་ཞི་གནས་ཀྱི་མྱོང་བ་ལེན་པའི་རྣམ་པ་བཀོད་ཡོད་པ་དང་། ཐང་ཀ་འདི་ལས་སྡེབས་རིས་ཀྱི་ཁྱད་ཆོས་མངོན་གསལ་ཐོན་པ་ནི་དེའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཏུ་གྲུབ་ཡོད།