ཞེས་པའི་རྩོམ་རིག་སྒྱུ་རྩལ་དུས་དེབ་བཀྲམས་ཟིན་པ།

<<མཚོ་སྔོན་པོའི་རྩོམ་རིག་སྒྱུ་རྩལ>>།
<<མཚོ་སྔོན་པོའི་རྩོམ་རིག་སྒྱུ་རྩལ>>ཞེས་པའི་དེབ་འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང༌། མཚོ་སྔོན་པོའི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གིས་འགན་སྒྲུབ་བྱེད་ཀྱིན་པའི་ལོ་ཕྱེད་རྩོམ་རིག་དེབ་ཅིག་ཡིན།

དུས་དེབ་ཏུ་བོད་སྤྱི་ཚོགས་གླེང་བརྗོད་ཁྲོད་ན་མིང་གྲགས་ཅན་གྱི་རྩོམ་པ་པོ་སྐོར་ཞིག་གི་བརྩམས་ཆོས་འདིར་ཆེད་དུ་བཀོད་ཡོད་ལ། སྒོས་སུ་བོད་ཀྱི་དེང་རབས་མཁས་པ་འཇུ་སྐལ་བཟང་དང་སྒྱུ་རྩལ་པ་སྨན་བླ་སྐྱབས་སོགས་ཀྱི་བྲིས་རྩོམ་ཡང་བཀོད་ཡོད། དེ་མིན་དེང་རབས་བོད་ཀྱི་སྙན་ངག་གི་མི་རབས་གསུམ་པའི་ཚོགས་མི་སྐོར་ཞིག་གི་བརྩམས་ཆོས་ཀྱང་འཁོད་ཡོད། དུས་དེབ་འདི་སྐབས་ལྔ་བའི་མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོའི་རིག་གནས་ལོ་ཚོགས་དང་སྐབས་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་ཚངས་དབྱངས་རྒྱ་མཚོ་མགུར་གླུའི་ཆེད་སྒྲིག་རོལ་དབྱངས་སྤྲོ་ཚོགས་སྟེང་གི་ལེགས་སྐྱེས་ཀྱི་དྲན་རྟེན་དུ་ཡང་བགྲངས་ཡོད།
