logo

《མཛེས་སྡུག་གི་ཐེ་བོ》ཞེས་པའི་མུ་འབྲེལ་དཔེ་ཆའི་འགྲེམ་སྤེལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།:བཀྲ་འདུལ། ཡོང་ཁུངས།:ཉིན་རེའི་ཀན་སུའུ་དྲ་བ།  དུས་ཚོད།:2011-07-06 ཀློག་གྲངས།:

   ཟླ6པའི་ཚེས30ཉིན་གྱི་སྔ་དྲོར། ཐེ་བོ་རྫོང་གིས《མཛེས་སྡུག་གི་ཐེ་བོ》ཞེས་པའི་མུ་འབྲེལ་དཔེ་ཆའི་འགྲེམ་སྤེལ་ཚོགས་འདུ་འཚོགས་པ་རེད།
   《མཛེས་སྡུག་གི་ཐེ་བོ》ཞེས་པའི་མུ་འབྲེལ་དཔེ་ཆ་པར་སྐྲུན་དང་འགྲེམ་སྤེལ་བྱེད་པར་ལོ་ངོ་བཞི་ལྷག་བརྒྱུད་པའི་རིང་ལ། སྔོན་ཆད་དམངས་ཁྲོད་རིག་གནས་སྲུང་སྐྱོབ་བགྱིས་པའི་བྱ་བའི་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་དུ། རིག་གནས་དང་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ལ་ཕྱོགས་ཡོངས་ནས་སྔོག་འདོན་དང་མྱུར་སྐྱོབ། རྒྱུན་འཛིན་བཅས་བྱས་པ་རེད།
   2007ལོ་ནས་བཟུང་། ཐེ་བོ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ལས་ཁུངས་སོ་སོ་ནས་ཆེད་ལས་པ་འཐེན་ཏེ་ལས་དོན་ཚོགས་པ་བཙུགས་པ་དང་། གྲོང་རྡལ་དང་ཞིང་འབྲོག་སྡེ་བ་སོ་སོར་ཕེབས་ནས་རྒྱུ་ཆ་འཚོལ་སྡུད་དང་ལེགས་སྒྲིག་བྱས་ཤིང་བློ་ཞིབ་མོས་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད།   དཀའ་སྡུག་དང་རྔུལ་ཆུར་སྦྱར་བའི་བརྩམས་ཆོས་འདི་གཞི་ནས་ཀུན་གྱི་མཐོང་ལམ་དུ་སྤེལ་བ་རེད།
   མུ་འབྲེལ་དཔེ་ཆ་ལ《ཐེ་བོའི་ཡུལ་སྲོལ་གོམ་གཤིས》དང《ཐེ་བོའི་དམངས་ཁྲོད་གཏམ་རྒྱུད》《ཐེ་བོའི་དམངས་གཞས》《ཐེ་བོའི་གཏམ་དཔེ་དང་ཤིས་ཚིག》 བཅས་ཁག་བཞིར་དགར་ཡོད་ལ། བསྡོམས་པས་ཡིག་འབྲུ་ཁྲི་༢༠ལྷག་ཡོད་ཅིང་། ཕྱོགས་ཡོངས་ནས་ཐེ་བོའི་དམངས་སྲོལ་དུས་ཆེན་དང་བྲོ་གར། འཛུགས་སྐྲུན། གཉེན་སྒྲིག་དང་འདས་མཆོད།   བཟའ་བཏུང་། འཛེམ་བྱ་སོགས་ནང་དོན་ཕྱོགས་བདུན་དང་དམངས་ཁྲོད་གྱི་གཏམ་རྒྱུད59དང་།   དམར་དམག་རྒྱང་སྐྱོད་ཀྱི་གཏམ་རྒྱུད10།       དམངས་གཞས153།    གཏམ་དཔེ820དང་ཤིས་ཚིག་ཚན་པ12བཅས་བསྡུ་སྒྲིག་བྱས་ཡོད་ལ། དེའི་དམིགས་ཡུལ་ནི་ཐེ་བོ་རྫོང་གི་རྒྱུན་རིང་པོའི་ལོ་རྒྱུས་རིག་གནས་དང་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས། ནགས་ཁུལ་གྱི་བོད་མའི་ཡུལ་སྲོལ་གོམས་གཤིས་ཁྱད་པར་བ་དང་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམས་གསལ་སྟོན་གནང་རྒྱུ་དང་།   གོམ་གང་མདུན་སྤོས་སྒོས་ས་གནས་རང་གི་ལོ་རྒྱུས་རིག་གནས་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དེ་རེད།
   མུ་འབྲེལ་དཔེ་ཚོགས་འདིའི་ནང་དོན་ཕུན་སུམ་ཚོགས་ཤིང་རྒྱུ་ཆ་ཁ་གསལ་ལ། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆའི་རིན་ཐང་ངེས་ཅན་ལྡན་པས། ཐེ་བོའི་རིག་གནས་ལ་ཞིབ་འཇུག་གནང་མཁན་དག་ལ་ཁ་གསལ་ཞིང་ཡང་དག་ཡིན་པ་དང་། ཆ་ཚང་བའི་དཔྱད་གཞིའི་ཡིག་ཆ་མཁོ་སྤྲོད་བྱས་ཡོད་པ་མ་ཟད། ཐེ་བོ་རྫོང་གི་རིག་གནས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་རེད།   


འབྲེལ་ཡོད་འོས་སྦྱོར།