logo

《རྨུ་ཐག》འདོན་ཐེངས་དགུ་པའི་འགྲེམ་སྤེལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:རྩོམ་སྒྲིག་ཚོགས་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-27 ཀློག་གྲངས།:


ཚོགས་ཞུགས་སློབ་གྲོགས་ཡོངས་ཀྱིས《རྨུ་ཐག》 ལ་ཞིབ་ལྟ་གནང་བཞིན་པ།

            རྨུ་ཐག་ནི་པེ་ཅིན་དུ་སློབ་གཉེར་བགྱི་བཞིན་བོད་རིགས་སློབ་མ་ཚོར་ཁ་གཏད་པའི་དུས་དེབ་ཅིག་ཡིན། ལོ་རེའི་ས་ག་ཟླ་བ་དང་དགའ་ལྡན་ལྔ་མཆོད་ཉིན་མོར་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་འབུལ་བཞིན་ཡོད།


《རྨུ་ཐག》འདོན་ཐེངས་དགུ་པ།

            རེབ་འདིའི་རྨུ་ཐག་འགྲེམ་སྤེལ་ཚོགས་འདུ་ཡང་སྔར་བཞིན་ད་ལོའི་ས་ག་ཟླ་བའི་ཉིན་མོ་སྟེ་སྤྱི་ལོ2011ལོའི་བོད་ཟླ4པའི་ཚེས15ཉིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་ཚོགས་ཁང་དུ་འཚོགས། པེ་ཅིན་དགེ་འོས་སློབ་གྲྭ་དང་། པེ་ཅིན་འགྲིམ་འགྲུལ་སློབ་ཆེན། ཆིན་ཧྭ་སློབ་ཆེན། པེ་ཅིན་སློབ་ཆེན་སོགས་ཀྱི་འཐུས་ཚབ་མི་སྣ་དང《གངས་ཕྲུག》རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཁ་ཤས་གྲོས་ཚོགས་སུ་ཞུགས་ནས་བསམ་འཆར་སྣ་ཚོགས་བཏོན་པ་དང་། ལྷག་པར་དུ《རྨུ་ཐག》གི་བློ་འདོན་པ་དགེ་རྒན་ཤར་གཞོན་ཚེ་རིང་ཟླ་བ་ལགས་གཙོས་པེ་ཅིན་དུ་སློབ་གཉེར་བགྱིད་བཞིན་པའི་སློབ་གྲོགས་ཚོའི་སྐད་ཡིག་སྦྱོང་བའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐད་ལ་འདོད་ཚུལ་སྣ་ཚོགས་བཏོན།


《རྨུ་ཐག》འགྲེམ་ཚོགས་སུ་ཕེབས་པའི་རྩོམ་པ་པོ་ཁ་ཤས་དང་རྩོམ་སྒྲིག་པའི་མཉམ་པར།

            དེང་ཐོག་དེབ་འདི་ནི་པེ་ཅིན་ན་སློབ་གཉེར་བྱེད་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བ། སེམས་ཁམས་སོགས་ལ་བལྟ་བྱེད་ཀྱི་མིག་ལྟ་བུ་ཞིག་ཏུ་འགྱུར་རྒྱུའི་དམིགས་ཡུལ་གྱིས་སྤེལ་བ་ཡིན་ལ། ནང་ཁུལ་གྱི་བོད་ལྗོངས་སློབ་འབྲིང་དག་ལ་རིན་མེད་སྐུར་བཞིན་ཡོད་མོད། ད་ཐེངས་ནས་བོད་ཁུལ་གྱི་སློབ་འབྲིང་སོ་སོར་སྐུར་འགོ་བརྩམས་ཡོད། མིག་སྔར་མདོ་དབུས་ཁམས་གསུམ་གྱི་སློབ་གྲྭ30ལྷག་གི་འབྲེལ་གཏུག་བྱ་ཡུལ་ལག་ཏུ་སོན་ཡོད།

 


འབྲེལ་ཡོད་འོས་སྦྱོར།