logo

གུང་ཧོ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་བའི་ལུས་རྩལ་འགྲན་ཚོགས།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-21 ཀློག་གྲངས།:


གུང་ཧོ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་བའི་ལུས་རྩལ་འགྲན་ཚོགས་ཡུལ་དངོས།

            གོང་རིམ་ལས་ཁུངས་དང་འགོ་ཁྲིད།  དགེ་བཟོ་བ་ཡོངས་ཀྱི་རྒྱབ་སྐྱོར་དང༌།  རྩ་འཛུགས་ཚན་ཆུང་གི་ཧུར་བརྩོན་སྒོས།   གུང་ཧོ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་བའི་སྐབས་གཉིས་པའི་ལུས་རྩལ་འགྲན་ཚོགས་འདི་ཉེ་སྔོན་དངོས་སུ་འགོ་བརྩམས་པ་རེད།
            མཚོ་ལྷོའི་སློབ་གསོའི་སྒྲིག་གཞི་སྙོམས་སྒྲིག་བྱས་ཏེ་ལོ་གཉིས་འགོར་བའི་དུས་འདིར།  གུང་ཧོ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་བའི་བྱ་བཞག་མཐའ་དག་ལ་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་། དོན་ལྡན་གྱི་འབྲས་བཟང་སྨིན་ལ།    ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱང༌མཐུན་སྒྲིལ་དང་།  ཧུར་བརྩོན།  འབད་པ།  འགྲན་སློང་གི་བསམ་བློའི་འོག    སྦྱོང་བརྡར་དང་། དྲང་བདེན། འགྲན་རྩོད།  མཛའ་བརྩེ་ནི་འགྲན་བསྡུར་གྱི་ཁ་ཕྱོགས་ཡིན་པ་ལག་བསྟར་བྱས་ཏེ།  སློབ་རའི་རིག་གནས་སྣ་མང་ཕུན་ཚོགས་དང་སློབ་རའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་།  ཐུན་མོང་གི་འདུ་ཤེས་སྲ་བརྟན།  དགེ་སློབ་ཡོངས་ཀྱི་གཟུགས་གཞིའི་སྤུས་ཚད་མཐོར་འདེགས་ཡོང་བར་སྐུལ་སློང་ཆེན་པོ་ཐོབ་ཅིང་།  ལུས་རྩལ་པ་རྣམས་ཀྱིས་མཛའ་བརྩེ་དང་པོ་དང་འགྲན་བསྡུར་གཉིས་པའི་ཁ་གཡང་ཇི་བཞིན།  རང་སོ་སོའི་ཁྱད་ཆོས་དང་ཆུ་ཚད་མངོན་ལ།  མདུན་སྐྱོད་ཀྱི་སྙིང་སྟོབས་ཆེན་པོས་གཡུར་ཟའི་གྲུབ་འབྲས་ཐོབ་པར་བརྩོན་པ་ལྷུར་ལེན་བྱེད་ཀྱི་ཡོད།  
             འགྲན་བསྡུར་གྱི་གོ་རིམ་ཁྲོད་དུ།   ལུས་རྩལ་པས་ཡ་རབས་སྤྱོད་བཟང་གི་འགྲན་བསྡུར་རྣམ་པ་བརྩོན་ལེན་དང༌། ཤན་འབྱེད་པས་རང་འགན་དང་དུ་བླངས་ནས།  དྲང་བདེན།  ཚད་ལྡན་གྱིས་ཤན་འབྱེད་བྱས་ཏེ།  ལུས་རྩལ་འགྲན་ཚོགས་འདིས་སློབ་གྲྭའི་ལོ་རྒྱུས་ཀྱི་སྒོ་མོ་གསར་བ་ཞིག་ཕྱེ་བྱུང་།
            ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས་སློབ་གྲྭའི་མཐུན་སྒྲིལ་གྱི་དཔུང་རྡང་སྦྲེལ་ཞིང་འགྲན་རྩོད་ཀྱི་སྙིང་སྟོབས་འབར་ལ། མཛའ་བརྩེ་ཡི་འཛུམ་མདངས་དང༌།  དྲང་བདེན་གྱི་འགྲན་རྩོད་ལས་དགེ་སློབ་ཡོངས་ཀྱི་རེ་ལྟོས་སྔར་ལས་ཟབ་ཅིང་།  མུ་མཐུད་དུ་ཡ་རབས་སྤྱོད་བཟང་དར་སྤེལ་སྒོས་སྔར་མེད་གྲུབ་འབྲས་ལེན་པར་ཡིད་ཆེས་དང་སྤོབས་པས་ཁེངས་པ་རེད།                  


འབྲེལ་ཡོད་འོས་སྦྱོར།