logo

ཁྲི་ཀ་བཅའ་སྡོད་སློབ་གྲྭས་སྒྱུ་རྩལ་འགྲན་བསྡུར་ཁྲོད་གཡུར་ཟའི་འབྲས་བུ་བླངས།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-21 ཀློག་གྲངས།:


སློབ་གྲྭར་གནང་བའི་ཐུན་མོང་རྩ་འཛུགས་ཀྱི་གཟེངས་ཐོན་བྱ་དགའི་མཚན་སྙན་འཛིན་ཡིག

            ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར90འགོར་ལ་ཉེ་བའི་དུས་བཟང་བསུ་ཆེད། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང་མཚོ་སྔོན་ཞིང་ཆེན་མཛེས་རྩལ་མཐུན་ཚོགས། ཁྲི་ཀ་རྫོང་ཨུའི་གུང་གཞོན་ཚོགས་པ་སོགས་འབྲེལ་ཡོད་སྡེ་ཁག་གིས། སྐབས17པའི་མཚོ་སྔོན་ཞིང་ཆེན་ལོ་ཆུང་གཞོན་ནུའི་དགེ་སློབ་མཉམ་འབྲེལ་གྱི་མཛེས་རྩལ་ཡིག་གཟུགས་བརྙན་པར་འགྲན་ཚོགས་ཆེན་མོ་དང་སྐབས་ལྔ་བའི་ཞིང་ཆེན་ཡོངས་ཀྱི་ལོ་ཆུང་གཞོན་ནུའི་ས་སྨྱུག་རི་མོའི་འགྲན་བསྡུར་ཆེན་མོའི་བྱ་འགུལ་འདི་གཉིས་བདེ་ལེགས་དང་རྒྱལ་ཁའི་ངང་མཇུག་སྒྲིལ།


བྱུར་བུར་སྤུངས་བའི་བྱ་དགའི་འཛིན་ཡིག་དང་རྟགས་མ།

            ཐེངས་འདིའི་འགྲན་བསྡུར་ཁྲོད་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་མཛེས་རྩལ་ཡིག་གཟུགས་སོགས་བརྩམས་ཆོས104བསྐུར་གནང་མཛད་པར། བརྩམས་ཆོས104བོ་ཚང་མར་བྱ་དགའ་ཐོབ་པ་སྟེ། དེའི་ཁྲོད་ནས་གསེར་གྱི་རྟགས་མ10དང༌། དངུལ་གྱི་རྟགས་མ17ཟངས་ཀྱི་རྟགས་མ23 ཕུལ་བྱུང་བྱ་དགའ54བཅས་བྱུང་བ་མ་ཟད། སློབ་གྲྭར་ཐུན་མོང་རྩ་འཛུགས་ཀྱི་གཟེངས་ཐོན་བྱ་དགའི་མཚན་སྙན་འཛིན་ཡིག་གནང་བ་རེད།
            སློབ་གྲྭ་བཙུགས་ཚུན་ནས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཚན་རྩལ་ནང་འདྲེན་དང་གསར་གཏོད་གསར་སྙེག དུས་བསྟུན་མདུན་སྐྱོད་བཅས་ཀྱི་སློབ་སྒྲུབ་སྲོག་ཤིང་སློབ་གྲྭའི་ལས་རིམ་སོ་སོའི་བྱ་བའི་ནང་ཟབ་ཞུགས་བྱས་ཏེ། སློབ་གསོ་ལེགས་བསྒྱུར་དང་དཔེ་ལེགས་གསར་སྐྲུན་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་སློབ་གྲྭའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་ལས་གཞན་སློབ་མའི་དགའ་ཕྱོགས་སྐྱེད་སྲིང་གི་ཚོགས་ཆུང་མང་པོ་བཙུགས་ནས་འཇོན་ཐང་ཅན་དང་དཔེ་ལེགས་ཅན་གྱི་སློབ་མ་བཟང་བོ་སྐྱེད་སྲིང་ལ་འབད་པ་ལྷུར་མེད་བྱས་དང་བྱེད་བཞིན་ཡོད།  སློབ་གྲྭའི་དགེ་སློབ་སྟོང་ཕྲག་གསུམ་ལྷག་གི་མཉམ་འབྲེལ་འབད་འབུངས་འོག་ཏུ་སློབ་གསོའི་ཁ་ཕྱོགས་འཕེལ་རྒྱས་ཅན་དང་སློབ་རའི་རིག་གནས་སྔོན་ཐོན་ཅན་དུ་འགྱུར་བར་མདུན་སྐྱོད་ཀྱི་གོམ་ཁ་ནམ་ཡང་ལྷོད་ཀྱིན་མེད་པ་རེད།


འབྲེལ་ཡོད་འོས་སྦྱོར།