“བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་ལྟེ་གནས”བོད་ལྗོངས་མི་རིགས་སློབ་གླིང་དུ་བཙུགས་པ།
རྩོམ་པ་པོ།:རྡོ་རྗེ་རབ་བརྟན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2011-06-20
ཀློག་གྲངས།:
ཟླ6པའི་ཚེས17ཉིན། “བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་ལྟེ་གནས”ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་བོད་ལྗོངས་མི་རིགས་སློབ་གླིང་དུ་སྤེལ། མཛད་སྒོ་རུ་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་ཀྱི་རྩོམ་པ་པོ་གྲགས་ཅན་བསྟན་འཛིན་ལགས་ཕེབས་ཡོད་པ་དང་། ཁོང་ལ“བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་ལྟེ་གནས”ཀྱི་མཚན་འཛིན་ཀྲུའུ་རིན་ལ་བསྐོ་བའི་གདན་ཞུས་དཔང་ཡིག་གནང་།
“བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་ལྟེ་གནས”དབུ་ཚུགས་པས་ནི་བོད་ལྗོངས་མི་རིགས་སློབ་གླིང་གི་སློབ་སྒྲུབ་སྙིང་བོ་དང་སློབ་སྒྲུབ་རྣམ་པ་ཕུན་སུམ་ཚོགས་པར་གཏང་ཐུབ་པར་མ་ཟད། བོད་ཀྱི་དེང་རབས་རྩོམ་རིག་གི་ཞིབ་འཇུག་དང་གསར་རྩོམ་ཆུ་ཚད་ཇེ་མཐོར་གཏོང་བ་ལའང་ཕན་ནུས་གལ་ཆེན་ལྡན། མཛད་སྒོའི་སྟེང་རྩོམ་པ་པོ་བསྟན་འཛིན་ལགས་ཀྱིས་རང་རྐང་གི་འཚར་ལོངས་བརྒྱུད་རིམ་དང་རྩོམ་རིག་གསར་རྩོམ་གྱི་ཉམས་མྱོང་ལས་འཕྲོས་ཏེ། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ། མི་དང་མིའི་བར་གྱི་འབྲེལ་བ། རྩོམ་རིག་གསར་རྩོམ་གྱི་གནད་འགག་སོགས་ཀྱི་ཕྱོགས་ནས་ཆེད་དོན་སྙན་ཞུ་ཕུལ་ཞིང་། དགེ་སློབ་རྣམས་དང་ཐབས་ཅིག་ཏུ་བོད་ཀྱི་དེང་རབས་རྩོམ་རིག་གི་ད་ལྟའི་རྣམ་པ་དང་འཕེལ་རྒྱས་ཁ་ཕྱོགས་ལ་ཕན་ཚུན་བསམ་བློ་བརྗེ་རེས་བྱས་ཡོད་འདུག

འབྲེལ་ཡོད་འོས་སྦྱོར།