མཚོ་སྔོན་ཞིང་ཆེན་གྱིས་ཆེད་དམིགས་ལས་རྐང་གི་དགེ་རྒན414གདན་ཞུ་བྱེད་རྒྱུ་ཡིན་པ།
ད་ལོར། མཚོ་སྔོན་ཞིང་ཆེན་གྱི་འཆར་གཞི་ལྟར་ན་ཡུས་ཧྲུའུ་དང་མཚོ་བྱང་། མཚོ་ལྷོ། རྨ་ལྷོ་བཅས་ཁུལ་བཞི་ཡི་རྫོང14རོང་འབྲོག་ཁུལ་གྱི་སློབ་ཆུང་དང་དམའ་འབྲིང་སློབ་གྲྭ་ལ་ཆེད་དམིགས་ལས་རྐང་གི་དགེ་རྒན414གདན་ཞུ་བྱེད་རྒྱུ་རེད། མིག་སྔར། གདན་ཞུ་བྱ་བ་དེ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བརྩམས་པ་དང་། གསར་དུ་གདན་ཞུ་བྱས་པའ་ཆེད་དམིགས་ལས་རྐང་གི་དགེ་རྒན་དག་ད་ལོའི་ཟླ8པའི་ཟླ་མཇུག་ཏུ་སོ་སོའི་སློབ་ཁྲིད་ལས་རྐང་ལ་ཞུགས་རྒྱུ་རེད།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་སྔོན་གྱི་ཆེད་དམིགས་ལས་རྐང་གི་དགེ་རྒན་གདན་ཞུ་བྱེད་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མ་དང་ཞིང་ཆེན་གཞན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་ཡིན་པ་དང་། སློབ་གནས་ལ་ད་ལོའི་དངོས་གཞི་མཐར་ཕྱིན་སློབ་མ་དང་དགེ་ཐོན་ཆེད་ལས་རིགས་ཀྱི་མཐར་ཕྱིན་སློབ་མ་ཡིན་དགོས། ལོ་སྔོན་མའི་མཐར་ཕྱིན་སློབ་མ་ཡིན་ན་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་ཡོད་དགོས་ལ་ལོ30མན་ཡིན་དགོས།