མཚོ་སྔོན་ཞིང་ཆེན་གྱི་སློབ་མ་ཁྲི3.8མཐོ་རིམ་སློབ་ཆེན་གྱི་རྒྱུགས་ལ་ཞུགས་པ།
རྒྱུགས་རའི་ཕྱི་རོལ་དུ་སློབ་མ་སྒུག་བཞིན་པའི་སློབ་མའི་ཁྱིམ་བདག
2011ལོའི་མཐོ་རིམ་སློབ་གྲྭ་ཆེན་མོ་དཀྱུས་མས་སློབ་མ་བསྡུ་བའི་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་གཞི་དེ་ཟླ6པའི་ཚེས7ཉིན་ནས་ཚེས8ཉིན་བར་སྤེལ་པ་རེད།
མཚོ་སྔོན་ཞིང་ཆེན་དུ་བསྡོམས་པས་རྒྱུགས་ཁུལ33དང་རྒྱུགས་ལེན་ས51། རྒྱུགས་ར1388བཀོད་སྒྲིག་བྱས་ཡོད་ལ། སློབ་མ40658ཀྱིས་མིང་ཐོ་བཀོད་ཡོད། མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་གྲྭར་རྒྱགས་སྤྲོད་མཁན་སློབ་མ38211ཡོད་པ་དང་། དེའི་ནང་རྒྱ་རིགས་ཀྱི་རིག་གནས་ཚན་རིག་ཆེད་ལས་ལ་རྒྱུགས་སྤྲོད་མཁན་སློབ་མ6325དང་། གྲངས་ཉུང་མི་རིགས་རིག་གནས་ཚན་རིག་ཆེད་ལས་ལ་རྒྱུགས་སྤྲོད་མཁན་སློབ་མ3645ཡོད། རྒྱ་རིགས་ཀྱི་རང་བྱུང་ཚན་རིག་ཆེད་ལས་ལ་རྒྱུགས་སྤྲོད་མཁན་སློབ་མ16756ཡོད། གྲངས་ཉུང་མི་རིགས་ཀྱི་རང་བྱུང་ཚན་རིག་ཆེད་ལས་ལ་རྒྱུགས་སྤྲོད་མཁན་སློབ་མ6675ཡོད། བོད་ཀྱི་སྐད་ཡིག་ཆེད་ལས་ལ་རྒྱུགས་སྤྲོད་མཁན་སློབ་མ2037ཡོད། རང་བྱུང་ཚན་རིག་ཆེད་ལས་ལ་རྒྱུགས་སྤྲོད་མཁན་སློབ་མ1506ཡོད། སོག་རིགས་ཀྱི་སྐད་ཡིག་ཆེད་ལས་ལ་རྒྱུགས་སྤྲོད་མཁན་སློབ་མ129ཡོད། རང་བྱུང་ཚན་རིག་ཆེད་ལས་ལ་རྒྱུགས་སྤྲོད་མཁན་སློབ་མ152བཅས་ཡོད།