logo

མཚོ་ལྷོ་ཁུལ་གྱི་བོད་སྐད་ཡིག་བསླབ་གཞི་གསར་བའི་སྐོར་གྱི་འཆད་ཁྲིད།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-07 ཀློག་གྲངས།:


འཆད་ཁྲིད་ཀྱི་ཟུར་ཞིག

            ཉེ་ཆར།  ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བོད་ཡིག་དགེ་རྒན་དག་གིས་མཚོ་ལྷོ་ཁུལ་གྱི་བོད་སྐད་ཡིག་བསླབ་གཞི་གསར་བར་ངེས་ཤེས་གཏིང་ཟབ་ཅིག་འདྲོངས་ཆེད། སློབ་གྲྭའི་སྐས་རིམ་ཐོག་ཁང་ནས་ཆེད་དུ་མཚོ་ལྷོ་ཁུལ་མཐོ་འབྲིང་གཉིས་པའི་བསླབ་གཞི་གཙོ་སྒྲིག་པ་དགེ་རྒན་པད་མ་དབང་ཆེན་ལགས་གདན་ཞུ་བྱས་ཏེ། བསླབ་གཞི་གསར་བའི་སྐོར་གྱི་སྒྲིག་སྟངས་དང་དེའི་བསྒྲིགས་པའི་དམིགས་ཡུལ་ལམ་དགེ་བ། ད་གནས་ནང་དོན་སྐོར་གྱི་ལེགས་ཉེས་དང་ཇི་ལྟར་འཁྲིད་པའི་སྐོར། གཞན་བོད་སྐད་ཡིག་སློབ་པའི་གལ་ཆེན་རང་བཞིན་དང་ད་ལྟའི་སྤྱི་ཚོགས་ཁྲོད་གནས་པའི་གནད་དོན་བཅས་ཕྱོགས་མང་པོའི་སྒོ་ནས་འཆད་ཁྲིད་བླ་མེད་བྱས་པ་རེད།  
            ཐེངས་འདིའི་འཆད་ཁྲིད་ཁྲོད་བོད་ཡིག་དགེ་རྒན་ལས་གཞན་ད་དུང་བསླབ་ཁག་གཞན་པའི་སྐད་གཉིས་དགེ་རྒན60ལྷག་མ་གྲོས་རང་མཐུན་ངང་འདུས་ཡོད་ལ།  འཆད་ཁྲིད་ཀྱི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པས་ཉན་དུས་བློ་རྩེ་བསྒྲིམས་ཤིང༌། ཉན་རྗེས་བསྔགས་བརྗོད་ཀྱི་མེ་ཏོག་རྒྱ་ཆེར་གཏོར།
            རེབ་འདིའི་འཆད་ཁྲིད་ཀྱིས་ཉན་མཁན་དགེ་རྒན་རྣམ་པའི་སློབ་གསོའི་འདུ་ཤེས་ལ་གསར་བརྗེས་ཐེངས་ཤིག་བྱས་པར་མ་ཟད།  མི་རིགས་ཀྱི་སློབ་གསོར་དེ་བས་ཤ་ཚ་སྙིང་ཉེ་བྱེད་པའི་ཧུར་བརྩོན་ལ་སྐུལ་འདེད་ཆེན་པོ་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།