logo

ཏང་བཙུགས་ནས་ལོ་འཁོར་90ལོན་པར་རྟེན་འབྲེལ་ཞུ་བའི་སྙན་ངག་གྱེར་འདོན་འགྲན་ཚོགས་སྤེལ།

རྩོམ་པ་པོ།:བདེ་སྐྱིད་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-05-27 ཀློག་གྲངས།:

  ཟླ5བའི་ཚེས21ཉིན། རྟ་མཆོག་གི་ཡུལ་གྲུ་རུ་འབོད་པའི་ཐེམ་ཆེན་རྩྭ་ཐང་དུ་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་དང་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་།ཐེམ་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་དང་པོ་དང་། མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁུལ་མཚོ་ནུབ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་།མཚོ་ནུབ་ཁུལ་རླུང་འཕྲིན་ཁང་དང་བརྙན་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ བཅས་ཀྱིས་སྒྲུབ་འགན་འཁུར་པའི་ཏང་བཙུགས་ནས་ལོ་འཁོར་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་༼གཟི་འོད་འབར་བའི་དར་ཆ༽ཞེས་པ་བརྗོད་བྱ་ཡིན་པའི་ཚྭ་འདམ་གཞོང་གི་སློབ་འབྲིང་སློབ་མའི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་ཐེམ་ཆེནརྫོང་་ནས་བསྡུས།   ཐེངས་འདིའི་འགྲན་སྡུར་ལ་ཐེམ་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་དང་པོ་དང་གཉིས་པ།གཏེར་ལམ་རྫོང་མི་རིགས་སློབ་འབྲིང་དང་།ན་གོར་མོ་གྲོང་ཁྱེར་མི་ རིགས་སློབ་འབྲིང་བཅས་ནས་ཡོང་བའི་འགྲན་ཞུགས་སློབ་མ་ཉེར་གཉིས་ཞུགས།         
  ཐེངས་འདིའི་བྱ་འགུལ་གྱི་གདན་ཞུས་དཔྱད་འདེམས་པ་ནི་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་དང་། མཚོ་ནུབ་ཁུལ་ རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་འཕགས་པ་ཐར། མཚོ་ནུབ་ཁུལ་རླུང་འཕྲིན་ཁང་དང་བརྙན་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་ཀྲུའུ་རིན་དོན་འགྲུབ་ཚེ་རིང་། ཐེམ་ཆེན་རྫོང་མི་རིགས་བཅའ་ སྡོད་སློབ་གྲྭ་དང་པོའི་དགེ་རྒན་ཚེ་མཁར་རྒྱལ། ཐེམ་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་གཉིས་པའི་དགེ་རྒན་ཐུབ་བསྟན་ཚེ་རིང་། གཏེར་ལམ་རྫོང་མི་རིགས་སློབ་ འབྲིང་གི་དགེ་རྒན་གདུགས་དཀར་འབུམ། ན་གོར་མོ་གྲོང་ཁྱེར་མི་རིགས་སློབ་འབྲིང་གི་དགེ་རྒན་ནོར་བུ་ཚེ་རིང་བཅས་ཡིན། 
  བྱ་འགུལ་འདི་སྤེལ་བའི་དམིགས་ཡུལ་ནི། རྒྱ་ཆེའི་བོད་རིགས་གཞོན་ནུ་ལོ་ཆུང་གིས་རྒྱལ་གཅེས་ཏང་གཅེས་དང་རང་མི་རིགས་ལ་གཅེས་པའི་རླབས་ཆེ་བའི་བསམ་བློ་འདུ་ཤེས་དར་སྤེལ་བྱས་ཏེ། དུས་ནམ་ཡིན་ཡང་རིགས་སོ་སོའི་ཤེས་བྱ་ལ་འབད་ བརྩོན་ལྷོད་མེད་བྱས་ནས། མེས་རྒྱལ་དང་གཏན་དུ་གནས་པའི་འདུན་པ་ཆེར་བསྐྱེད་དང་། སྙན་ངག་གི་བྲོ་བའི་ཡོངས་སུ་ཕྱུག་པའི་བརྩེ་སེམས་དང་མི་རིགས་ཀྱི་ཡིད་ སེམས་དཀྲོལ་བའི་གདངས་དབྱངས་སྙན་མོ་ལས་མེས་རྒྱལ་གྱི་རི་ཆུ་ལ་བསྟོད་ བསྔགས་བྱེད་པ་དེ་ཡིན་ལ།དེ་མིན་གཞོན་ནུ་ལོ་ཆུང་དག་གིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་བསྟེན་ནས་ཏང་ལ་བསྟོད་གླུ་ལེན་པ་དང་། རྩོམ་རིག་སྒྱུ་རྩལ་གྱི་ཕྱུག་པའི་སྙན་རྩོམ་རེ་རེའི་ཁྲོད་ཚྭ་འདམ་གྱི་རིགས་སོ་སོའི་རིག་གནས་ལས་དོན་ལ་ཡར་སྐུལ་བྱས་ནས། ཏང་གི་མི་རིགས་སྲིད་ཇུས་མཆོག་ཏུ་འཛིན་པ་དང་། མི་རིགས་མཐུན་སྒྲིལ་བཅས་ལ་འཆམ་མཐུན་ཡོང་བ་ཕྱིར་མཚོན་པར་བྱས་ཏེ། ཁོ་ཚོས་ཏང་བཙུགས་ནས་ལོ་འཁོར་90ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་པ་དེ་ཡིན། འགྲན་ཞུགས་སློབ་གྲོགས་རེ་རེས་མེས་རྒྱལ་དང་ཕ་ཡུལ་ལ་དགའ་བ། དུས་རབས་དང་མི་རིགས་ཀྱི་སྙིང་སྟོབས་དང། མདུན་དུ་སྐྱོད་ཕོད་པའི་སྤོ་སེམས་ཡོངས་སུ་མཚོན་པ་བརྗོད་བྱར་བཟུང་ནས་སྙན་ངག་གྱེར་འདོན་བྱས་པས་དཔྱད་འདེམས་པ་དང་ལྟད་མོ་བ་རྣམས་ཀྱིས་བསྟོད་བསྔགས་ཆེན་པོ་ཐོབ། 
  དུས་ཚོད་གཉིས་དང་ཕྱེད་ཀའི་རིང་གི་འགྲན་བསྡུར་བརྒྱུད། མཇུག་མཐར་གཏེར་ལམ་རྗོང་མི་རིགས་སློབ་འབྲིང་གི་སློབ་གྲོགས་ལྷ་མོ་སྐྱབས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་།  གཏེར་ལམ་རྫོང་མི་རིགས་སློབ་འབྲིང་གི་སློབ་གྲོགས་འབྲུག་ཁྱུང་རྒྱལ་དང་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གྲོགས་ཟོན་ཕྱུག་མཚོ་ལ་བྱ་དགའ་ཨང་གཉིས་པ་ཐོབ། ཐེམ་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་དང་པོའི་སློབ་གྲོགས་རྟ་མགྲིན་མཚོ་བཅས་ལ་སློབ་མ་གསུམ་ལ་བྱ་དགའ་ཨང་གསུམ་པ་ཐོབ། 


འབྲེལ་ཡོད་འོས་སྦྱོར།