འབྲས་སྤུངས་དགོན་གྱིས་ཡིག་གཟུགས་འགྲན་བསྡུར་སྤེལ་པ།
དཔྱད་འདེམས་པས་བྱ་དགའ་ཐོབ་པའི་གྲྭ་བར་ཁ་བཏགས་དང་དགའ་རྟགས་གནང་བཞིན་པ།
ངག་དབང་ཆོས་འཛིན་ལགས་ཀྱིས་ཡིག་གཟུགས་བརྩམས་ཆོས་སྟོན་བཞིན་པ།
ཟླ5པའི་ཚེས13ཉིན། བོད་ཀྱི་དགེ་ལུགས་པའི་དགོན་ཆེན་འབྲས་སྤུངས་དགོན་པས་གྲྭ་བ་ཡོངས་ཀྱི་ཡིག་གཟུགས་འགྲན་བསྡུར་བྱས་པ་རེད། ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་ལེགས་པོ་ཡོང་ཆེད། འབྲས་སྤུངས་དགོན་པས་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་ལྷན་ཚོགས་ཀྱི་ཡིག་གཟུགས་མཁན་སྐད་གྲགས་ཅན་ལྷག་པ་ཚེ་རིང་ལགས་དཔྱད་འདེམས་པར་གདན་དྲངས་པ་རེད།
དཔྱད་འདེམས་པ་དང་གྲྭ་བ་རྣམས་ཀྱིས་མཉམ་དུ་ཡིག་གཟུགས་བརྩམས་ཆོས་ལ་གཟིགས་པ།
གྲྭ་བ་རྣམས་ཀྱིས་འགྲན་ཞུགས་ཡིག་གཟུགས་བརྩམས་ཆོས་ལ་གཟིགས་བཞིན་པ།
དཔྱད་འདེམས་པ་རྣམས་ཀྱིས་དཔྱད་འདེམས་བྱས་པ་བརྒྱུད། ཡིག་གཟུགས་བརྩམས་ཆོས121ནང་ནས་བརྩམས་ཆོས24ལ་དགའ་རྟགས་ཐོབ་ཅིང་། དགའ་རྟགས་ཐོབ་པའི་གྲྭ་བ་ནི་ཕུན་ཚོགས་གྲགས་པ་དང་ངག་དབང་བསོད་རྒྱལ་སོགས་ཡིན།