logo

སློབ་ཁྲིད་བྱ་འགུལ་སྤེལ་ནས་སློབ་གསོའི་སྤུས་ཚད་བསྒྱུར་བ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-05-16 ཀློག་གྲངས།:


 ལན་བཏབ་པ་ཧ་ཅང་འགྲིག་པས་སློབ་བུ་ཁྱོད་དགའ་རྟགས་ཤིག་སྟེར།

  ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སློབ་གསོའི་བྱ་བ་འཕེལ་འགྱུར་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་ཆེད་ཟླ4བའི་ཚེས25ནས་ཟླ5བའི་ཟླ་སྟོད་བར་ཏེ་ཉིན20ཙམ་གྱི་རིང་ལ་ལོ་རིམ་དང་པོ་ནས་དགུ་བ་བར་གྱི་དགེ་རྒན100ལྷག་གདམ་བསལ་བྱས་ནས་ཡོངས་བསྒྲགས་སློབ་ཁྲིད་དང་དཔེ་སྟོན་སློབ་ཁྲིད་གཉིས་སུ་དབྱེ་ནས་སྐས་རིམ་ཐོག་ཁང་གི་ནང་དུ་སློབ་ཁྲིད་ལ་ཉན་པའི་བྱ་འགུལ་ཞིག་གཟབ་རྒྱས་ངང་བསྡུས།


སློབ་གྲོགས་འདི་གསུམ་པོས་བྲིས་པ་འགྲིག་གམ།

  སློབ་སྟོན་ཁྲུའུ་ཡིས་ཐེངས་འདིའི་བྱ་འགུལ་རྩ་འཛུགས་བྱས་ཤིང་སློབ་གྲྭའི་སློབ་གཙོ་དང་འགན་ཁུར་མི་སྣ་སྐོར་ཞིག་གིས་གཟིགས་ཞིབ་དང་དཔྱད་འཇོག་གནང་བ་རེད།


ཁྱོད་ཀྱིས་བླངས་པའི་དྲི་ཤོག་ལ་འདི་ལྟར་འཁོད་འདུག

  རེབ་འདིའི་ཡོངས་བསྒྲགས་སློབ་ཁྲིད་དང་དཔེ་སྟོན་སློབ་ཁྲིད་ལ་ཉན་པའི་བྱ་འགུལ་གྱི་བརྒྱུད་རིམ་ཁྲོད་དུ་སློབ་གྲྭའི་ན་གཞོན་དགེ་རྒན་སྐོར་ཞིག་གི་སློབ་ཁྲིད་བྱེད་ཐབས་དང་དཔེ་ཁྲིད་ཀྱི་ཆུ་ཚད་སྔོན་ཐེངས་དང་པོ་དང་བསྡུར་ན་མངོན་གསལ་སྒོས་ཡར་རྒྱས་བྱུང་ཡོད་ཅིང་དགེ་རྒན་སོ་སོས་ཀྱང་རང་སར་གྲ་སྒྲིག་ཕུན་སུམ་ཚོགས་ཤིང་ནུས་པ་ཡོད་དགུ་བཏོན་ཏེ་དགེ་སློབ་མཉམ་འབྲེལ་གྱི་ཐད་བྱེད་ཐབས་སྣ་ཚོགས་པ་བཀོལ་བ་མ་ཟད། སྨྱན་མང་གཟུགས་ཀྱི་སློབ་ཁྲིད་བྱེད་ཐབས་ཐད་སྟ་གོན་གྱ་ནོམ་པ་བྱས་པས་ཚད་ཐིག་ཅན་དང་དཔེ་ལེགས་ཅན་གྱི་སློབ་ཁྲིད་བྱས་པར། དགེ་རྒན་རྣམ་པའི་དཔེ་ཁྲིད་ཀྱི་ནུས་པ་ཁྱད་དུ་འཕགས་པ་ངང་ངམ་ཤུགས་ཀྱིས་ཤེས་ཐུབ།


སློབ་གྲོགས་འདི་དག་གི་ཁྲོད་ལས་སུས་བྲིས་པ་འགྲིག་ཅིང་ལེགས།

  དགེ་རྒན་རྣམ་པའི་དཔེ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་ན་དགེ་རྒན་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱེད་དགོས་པའི་རྨང་གཞིའི་སྟེང་སློབ་ཁྲིད་བྱེད་སྟངས་ཐད་ཕན་ཚུན་གྱི་སློབ་ཁྲིད་ལ་ཉན་ཏེ་ལེགས་སྤེལ་ཉེས་འགོག་བྱེད་དགོས་པ་ཤིན་ཏུ་གཙོ་ཆེ། རང་སློབ་གྲྭས་ཐེངས་འདིར་ཡོངས་བསྒྲགས་སློབ་ཁྲིད་དང་དཔེ་སྟོན་སློབ་ཁྲིད་ཀྱི་བྱ་འགུལ་སྤེལ་བ་འདིས་དགེ་རྒན་དག་གི་དཔེ་ཁྲིད་ཆུ་ཚད་ཐད་ཡར་རྒྱས་ཆེན་པོ་བྱུང་བ་ལས་གཞན་དགེ་རྒན་རེ་རེ་ལའང་མི་དམན་པའི་ཁེ་ཕན་རེག་ཐུབ་པ་བྱུང་། སློབ་ཁྲིད་ཀྱི་གོ་རིམ་ཁྲོད་སློབ་གྲྭའི་དགེ་རྒན་350ལྷག་ལས་རེབ་ཐེངས་རེ་རེར་སློབ་ཁྲིད་ལ་ཉན་པའི་དགེ་རྒན་ཡང་བུང་བ་སྤྲིན་གྱི་ཚོགས་བཞིན་འདུས་ནས་སློབ་ཁྲིད་ལ་དཔྱད་འཇོག་དང་དྲང་བདེན་གྱི་སྐར་གྲངས་བཀོད་དེ་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་སོ་སོའི་བྱང་ཚད་ལ་འདྲ་མཉམ་སྒོས་བརྟག་པ་རེད།


ངའི་ལག་གི་རི་མོ་འདིའི་མིང་ལ་ཅི་ཟེར།

  དགེ་རྒན་ཡོངས་ཀྱི་དཔྱད་འཇོག་གི་བརྒྱུད་རིམ་ཁྲོད་གཅིག་མཐུན་གྱི་སྤྱི་སྡོམ་ཐོབ་པ་ནི་གཅིག་ཏུ་ན་དགེ་རྒན་རྣམ་པས་སློབ་ཁྲིད་གྲ་སྒྲིག་འཐུས་ཚང་ཞིང་སློབ་ཁྲིད་ཀྱི་ནང་དོན་ཐད་ཆ་རྒྱུས་གསལ་བོ་ཡོད་པ་དང་། གཉིས་སུ་ན་སྨྱན་མང་གཟུགས་ཀྱི་ལག་ལེན་ལ་བྱང་ཆ་ལྡན་པའི་ཁར་རི་མོ་དང་སློབ་ཁྲིད་ཀྱི་ནང་དོན་ཕན་ཚུན་གུང་འགྲིག་ཅིང་གསལ་ཆ་དོད་པ། གསུམ་དུ་ན་སློབ་ཁྲིད་ཀྱི་སྐབས་སློབ་གྲོགས་རྣམས་དང་དགེ་རྒན་མཉམ་འབྲེལ་བྱས་པ་གོ་རིམ་ཞིབ་ཚགས་ཡོད་ལ། དགེ་རྒན་གྱིས་ཉུང་བཤད་དང་སློབ་མ་མང་འགུལ་གྱི་བྱེད་ཐབས་བཀོལ་ནས་སློབ་ཐུན་ཡོངས་སྤྲོ་སྣང་ཅན་དང་གསོན་ཉམས་ཅན་དུ་བསྒྱུར་བ་སོགས་བཀོལ་ཡོད་པས་དགེ་མཚན་མང་པོ་ལྡན།
  རེབ་འདིའི་སློབ་ཁྲིད་ལ་ཉན་པའི་བྱ་འགུལ་འདིས་རྗེས་ཕྱོགས་དགེ་རྒན་ཚང་མའི་སློབ་ཁྲིད་ཀྱི་ནུས་པའི་ཐད་ལ་རམ་སྐྱོར་ཆེན་པོ་གནང་བ་མ་ཟད་སློབ་ཁྲིད་བཅོས་བསྒྱུར་དང་སློབ་གསོ་སྔོན་ཐོན་ཅན་གྱི་ལམ་ལ་ཕྱོགས་པར་ཡང་སྣེ་སྟོན་ལེགས་པོ་བསྟན་པ་རེད།


འབྲེལ་ཡོད་འོས་སྦྱོར།