logo

ཆབ་མདོ་གོ་འཇོ་རྫོང་གི་ཆ་འཕྲིན་ཐོན་ཁུངས་ལས་གཞི་སྒྲིག་སྦྱོར་འཛུགས་སྐྲུན་བྱས་པ།

རྩོམ་པ་པོ།:ཚེ་སྒྲོན་གྱིས་བསྒྲིགས། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ། དུས་ཚོད།:2011-05-10 ཀློག་གྲངས།:

            ཆབ་མདོ་ས་ཁུལ་གོ་འཇོ་རྫོང་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ཀྱི་རིག་གནས་ཆ་འཕྲིན་ཐོན་ཁུངས་ཐུན་མོང་ལོངས་སྤྱོད་ལས་གཞིའི་སྒྲིག་སྦྱོར་འཛུགས་སྐྲུན་བྱས་ཟིན་པ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན།  གོ་འཇོ་རྫོང་གི་རིག་གནས་ཆ་འཕྲིན་ཐོན་ཁུངས་ཐུན་མོང་ལོངས་སྤྱོད་ལས་གཞིར་ཁྱོན་རྩིས་རྒྱག་འཕྲུལ་འཁོར30ཡོད་པ་དང་དུས་གཅིག་ཏུ་མི 25 ཡིས་དྲ་བཞུགས་ཀྱིས་ཆ་འཕྲིན་ལྟ་ཀློག་ཐུབ་པ་མ་ཟད།  བརྙན་མཐོང་སྒྲིག་ཆས་གཅིག་ཀྱང་སྒྲིག་སྦྱོར་བྱས་ཡོད་པ་དེས་གློག་རྡུལ་སློབ་ཁྲིད་ཐུབ་ཀྱི་ཡོད་པ་རེད།  ད་ལྟ་གོ་འཇོ་རྫོང་རིག་གནས་ཅུས་ཀྱིས་ལས་གཞི་འཁོར་རྒྱུགས་ཇུས་གཞི་དང་རྒྱུན་གཏན་དོ་དམ་བྱ་ཐབས་བཟོ་བཞིན་ཡོད་ཅིང་ཉེ་དུས་ནང་མང་ཚོགས་ལ་སྒོ་མོ་དབྱེ་ནས་བེད་སྤྱོད་ཐུབ་པ་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།