logo

མགོ་ལོག་ཁུལ་གྱིས་བོད་སྐད་ཡིག་སློབ་པའི་བྱ་འགུལ་སྐབས་གཉིས་པ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-05-06 ཀློག་གྲངས།:

              མི་རིགས་སྐད་ཡིག་སྲིད་ཇུས་སྔར་ལས་ལྷག་པར་དངོས་འབེབས་དང་།   《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》ལག་བསྟར་བྱེད་པ།  ལས་ཁུངས་ཀྱི་ལས་སྒྲུབ་པ་དང་མང་ཚོགས་བར་ལ་འབྲེལ་འདྲིས་གང་ལེགས་བྱེད་པ།  བོད་སྐད་ཡིག་གི་བེད་སྤྱོད་ནུས་ཚད་ཇེ་དྲག་ཏུ་གཏོང་བ་བཅས་ལ་དམིགས་ཏེ། མགོ་ལོག་ཁུལ་གྱིས་ཟླ4བ་ནས་བཟུང་བོད་སྐད་ཡིག་སློབ་པའི་བྱ་འགུལ་སྐབས་གཉིས་པ་སྤེལ་བ་རེད།
              བྱ་འགུལ་ལ་ཞུགས་མཁན་ནི་མགོ་ལོག་ཁུལ་ཏང་སྲིད་ལས་ཁུངས་དང་།  མང་ཚོགས།  ཚོགས་པ།  ཁེ་གཉེར་ལས་ཁུངས།  མགོ་ལོག་ཁུལ་དུ་སྡོད་པའི་ཞིང་ཆེན་ལས་ཁུངས་ཁྲོད་ལོ45མན་གྱི་ལས་སྒྲུབ་པ་ཡོངས་ཡིན་ལ།  བྱ་འགུལ་འདི་ལོ་རེར་ཐེངས་གཉིས་སྤེལ་བ་སྟེ།  ཐེངས་དང་པོ་ནི2011ལོའི་ཟླ4བ་ནས་བཟུང《མགོ་ལོག་ཁུལ་གྱི་ལས་བྱེད་པའི་བོད་སྐད་ཡིག་བསླབ་དེབ》ཞེས་པའི་དེབ་དང་པོ་གཙོར་བཟུང་ཐོག  རྒྱུན་སྤྱོད་ཁ་བརྡའི་སྐོར་ཡིན།  ཐེངས་གཉིས་པ་ནི2012ལོའི་ཟླ3པ་ནས་བཟུང《མགོ་ལོག་ཁུལ་གྱི་ལས་བྱེད་པའི་བོད་སྐད་ཡིག་བསླབ་དེབ》ཅེས་པའི་དེབ་གཉིས་པ་གཙོར་བྱས་ཐོག 《བོད་རྒྱ་དབྱིན་གསུམ་གྱི་རྒྱུན་སྤྱོད་ཐ་སྙད་གསར་བའི་པར་འགྲེལ་ཚིག་མཛོད》ཁྲོད་ཀྱི་རྒྱུན་བཀོལ་ཐ་སྙད་ཀྱི་སྐོར་ཡིན།  བྱེད་ཐབས་ཀྱི་ཕྱོགས་ནས།  བོད་སྐད་ཡིག་སློབ་པའི་བྱ་འགུལ་འདི་ལོ་རེའི་ལས་ཁུངས་སོ་སོའི་དམིགས་ཚད་ཞིབ་བཤེར་གྱི་ཁྱབ་ཁུངས་སུ་བཅུག་ཅིང་།  སློབ་སྦྱོང་གི་གྲུབ་འབྲས་མི་བཟང་བའི་ལས་ཁུངས་དང་མི་སྒེར་ལ་སྔོན་ཐོན་འདེམ་པའི་འོས་ཐང་མེད་པ་གཏོང་བ་སོགས་ཀྱི་ཐབས་ལམ་སྤྱད་དེ་ཐབས་བརྒྱ་ཇུས་སྟོང་སྒོས་བོད་སྐད་ཡིག་སློབ་པར་ཡར་སྐུལ་བྱེད་བཞིན་ཡོད། 


འབྲེལ་ཡོད་འོས་སྦྱོར།