logo

ཡུལ་ཤུལ་སྐྱེ་རྒུ་གྲོང་བརྡལ་གྱི་རེ་བའི་སློབ་ཆུང་བསྐྱར་འཛུགས་བྱེད་འགོ་བརྩམས་པ།

རྩོམ་པ་པོ།:མེ་ཏོག་གིས་བསྒྲིགས། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།   དུས་ཚོད།:2011-04-30 ཀློག་གྲངས།:

            བུའུ་ལིང་ཡེ་སྡེ་ཚོགས་ཀྱིས་འཛུགས་སྐྲུན་བྱེད་པར་མ་དངུལ་བཏང་པ་དང་། པེ་ཅིང་གྲོང་ཁྱེར་འཛུགས་སྐྲུན་སྡེ་ཚོགས་ཀྱིས་འཛུགས་སྐྲུན་བྱེད་འགན་ཁུར་བའི་ཡུལ་ཤུལ་སྐྱེ་རྒུ་གྲོང་བརྡལ་གྱི་རེ་བའི་སློབ་ཆུང་གི་ལས་གཞི་དེ་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་དངོས་སུ་འགོ་བརྩམས་ཤིང་། སྐྱེ་རྒུ་གྲོང་བརྡལ་རེ་བའི་སློབ་ཆུང་གི་དགེ་སློབ་རྣམས་ལས་གཞི་འགོ་རྩོམ་པའི་མཛད་སྒོར་ཞུགས།
            བུའུ་ལིང་ཡེ་སྡེ་ཚོགས་ཀྱིས་ཡུལ་ཤུལ་གྱི་རེ་བའི་སློབ་ཆུང་གི་འཛུགས་སྐྲུན་དེ་དུས་སྐབས་གཉིས་སུ་བགོས་ནས་ལས་པ་དང་། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་གཞི་དེ་དུས་སྐབས་དང་པོའི་ལས་འགན་དུ་བཞག་ཡོད་ལ། དེའི་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་གཅིག་དང་སྟོང་གཅིག་ང་གསུམ་ཡོད་ཅིང། དེའི་ནང་དུ་སློབ་ཁྲིད་ཐོག་ཁང་དང་སློབ་མའི་ཉལ་ཁང་། ཟ་ཁང་། ལུས་རྩལ་ར་བའི་འཛུགས་སྐྲུན་བཅས་ཚུད་ཡོད། དུས་སྐབས་གཉིས་པའི་ལས་འགན་ནི་ལས་གཞི་རྒྱ་བསྐྱེད་ནས་སློབ་གྲྭའི་འཛུགས་སྐྲུན་འཐུས་ཚང་དུ་གཏོང་རྒྱུ་དེ་རེད། སློབ་གྲྭ་གསར་བ་འཛུགས་སྐྲུན་བྱས་རྗེས་སློབ་གྲྭའི་དགེ་སློབ་རྣམས་ལ་ཁོར་ཡུག་ལེགས་ཤིང་ཆ་རྐྱེན་འཛོམས་པའི་སློབ་ཁྲིད་ཁོར་ཡུག་ཅིག་འདོན་སྤྲོད་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།