མཚོ་སྔོན་གྱིས་སློབ་གསོའི་འཛུགས་སྐྲུན་ཐད་ལ་མ་དངུལ་སྒོར་མོ་དུང་ཕྱུང་བཞི་བཅུ་གཏོང་རྒྱུ་ཡིན་པ།
2011ལོ་ནི་མཚོ་སྔོན་ཞིང་ཆེན་གྱིས་སློབ་གསོ་ཐད་ཀྱི་བཟོ་སྐྲུན་གཙོ་བོ་ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན། གསར་འགོད་པས་ཚེས་ཉེར་དྲུག་ཉིན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་འཆར་འགོད་ཁྲུའུ་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་སློབ་གསོའི་འཛུགས་སྐྲུན་ཐད་ལ་གཏན་འཇགས་མ་དངུལ་སྒོར་མོ་དུང་ཕྱུར་བཞི་བཅུ་གཏོང་རྒྱུ་ཡིན་པ་དང་། དེའི་ནང་དུ་སློབ་གྲྭ་འབྲིང་ཆུང་གི་གྲུབ་ཚུལ་ལེགས་སྒྲིག་དང་སློབ་གྲྭའི་བདེ་འཇགས་བཟོ་སྐྲུན་གྱིས་སྒོར་མོ་དུང་ཕྱུར་སོ་དྲུག་ཡོད།
ད་ལོའི་ལོ་སྟོད་ལ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བཀྲམས་པའི«ཉིས་སྟོང་བཅུ་གཅིག་ལོའི་མཚོ་སྔོན་ཞིང་ཆེན་གྱི་གཏན་འཇགས་རྒྱུ་ནོར་དངུལ་གཏོང་དམིགས་འབེན་ལས་འགན་དབྱེ་ཞིབ་བསམ་འཆར»ནང་དུ་མཚོ་སྔོན་ཞིང་ཆེན་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་གྲྭའི་འཛུགས་སྐྲུན་ཐད་ལ་གཏན་འཇགས་རྒྱུ་ནོར་སྒོར་མོ་དུང་ཕྱུར་བཞི་བཅུ་གཏོང་དགོས་པ་དང་། དེའི་ནང་དུ་སློབ་གྲྭ་འབྲིང་ཆུང་གི་གྲུབ་ཚུལ་ལེགས་སྒྲིག་དང་སློབ་གྲྭའི་བདེ་འཇགས་བཟོ་སྐྲུན་ཐད་ལ་སྒོར་མོ་དུང་ཕྱུར་སོ་དྲུག་གཏོང་དགོས་ལ། དུས་ཚིགས་གཉིས་པའི་ནང་དུ་སྒོར་མོ་དུང་ཕྱུར་བཅུ་གཉིས་གཏོང་བའི་ལས་འགན་ཡོངས་འགྲུབ་བྱེད་དགོས་ཞེས་གསལ་བོར་བསྟན་ཡོད།