logo

དཀར་མཛེས་ཁུལ་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་དར་མདོ་རུ་འཚོགས།

རྩོམ་པ་པོ།:ཐུབ་བསྟན་དང་ཀུན་དགའ། ཡོང་ཁུངས།:ཁམས་པའི་གསར་འགྱུར་དྲ་བ། དུས་ཚོད།:2011-04-26 ཀློག་གྲངས།:

            ཟླ4པའི་ཚེས20ཉིན།    དཀར་མཛེས་ཁུལ་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་དར་མདོ་རུ་འཚོགས་ཤིང་། དཀར་མཛེས་ཁུལ་ཨུ་ཧྲུའུ་ཅི་ལུའུ་ཏའོ་ཕིང་།   ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལི་ཁྲང་ཕིང་།   ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཅང་ཧྲུའུ་ལིན་བཅས་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དང་།  ཁུལ་ཨུ་ཧྲུའུ་ཅི་གཞོན་པ་ལི་ཁང་གིས་ཚོགས་ཆེན་གཙོ་འགན་བཞེས་པ་རེད།
            ལུའུ་ཏའོ་ཕིང་གིས་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་སྐུལ་འདེད་གཏོང་རྒྱུའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་ཡང་དག་པ་བྱས་ནས་སློབ་གསོ་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་ཡིན་པའི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་རྒྱུ་དང་།   དཀར་མཛེས་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ་འགོ་ཚུགས་ས་གསར་པའི་ཐོག་ནས་སློབ་གསོ་ལས་དོན་འཕེལ་རྒྱས་ཇེ་མགྱོ གས་གཏོང་བར་སྐུལ་འདེད་གཏོང་རྒྱུ།   རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱོན་ཡོངས་ནས་སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་བྱེད་ཐབས་ཁག་ལག་བསྟར་ཡོང་བར་འགན་སྲུང་བྱེད་དགོས་པ་བཅས་གནད་དོན་ཆེན་པོ་གསུམ་གྱིས་སྒོ་ནས་གསུང་གནང་བ་རེད།
            ཁོང་གིས་བསྟན་དོན། མ་འོངས་པའི་ལོ་བཅུའི་ནང་དུ་ཁུལ་ཡོངས་ཀྱི་སློབ་གསོ་ལས་དོན་དེ་ངེས་པར་དུ་དམིགས་སུ་བཀར་ནས་འཕེལ་རྒྱས་དང་།    འཕེལ་རྒྱས་ཇེ་མགྱོ གས།   མཐུན་སྦྱོར་ངང་འཕེལ་རྒྱས།   སྐྱོན་བྲལ་ངང་འཕེལ་རྒྱས།  མིས་གཙོ་བོ་འཛིན་པ།  བཅོས་བསྒྱུར་གསར་བསྐྲུན།   འདྲ་མཉམ་སྐུལ་སྤེལ།   སྤུས་ཚད་མཐོར་འདེགས་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།  ཡོངས་ཁྱབ་སློབ་གསོ་སྤྱི་ཡོངས་མཐོར་འདེགས་ཡོང་བ་དང་།   འདྲ་མཉམ་སློབ་གསོ་དམངས་ཡོངས་ལ་ཕན་པ། བཅའ་སྡོད་སློབ་གསོ་སྐས་རིམ་གསར་པར་སླེབས་པ།  སྐད་གཉིས་སློབ་ཁྲིད་ཆུ་ཚད་ཇེ་མཐོར་ཡོང་བ།   ཚེ་གཅིག་སློབ་གསོའི་མ་ལག་ཆ་ཚང་ཡོང་བ།  སློབ་གསོའི་ལམ་ལུགས་ལ་གསོན་ཤུགས་ཁེངས་པ།   སློབ་གསོའི་ཞབས་འདེགས་གྲུབ་འབྲས་མངོན་གསལ་ཡོང་བ་བཅས་ཀྱི་འཕེལ་རྒྱས་ཀྱི་གནས་བབས་ཤིག་ཆགས་སུ་བཅུག་གང་ཐུབ་བྱེད་དགོས།   2020ལོར་སླེབས་ཚེ་ཁུལ་ཡོངས་ཀྱི་སློབ་གསོའི་འཕེལ་རྒྱས་ཆུ་ཚད་ཧ་ལམ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཐོག་སླེབས་པ་བྱས་མཐར།ཁྱོན་ཡོངས་ནས་ཆུ་ཚད་སྔ་ལས་མཐོ་བའི་ཡོངས་ཁྱབ་སློབ་གསོ་དང་།   ཕུན་སུམ་ཇེ་ཚོགས་སུ་ཕྱིན་པའི་སྤུས་ལེགས་སློབ་གསོ།  དམངས་ཡོངས་ལ་ཕན་པའི་འདྲ་མཉམ་སློབ་གསོ་བཅས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས།   གསོན་ཉམས་ལྡན་པའི་སློབ་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ།  ཡོངས་ཁྱབ་གནས་ཚད་དང་སློབ་འཛུགས་ཆུ་ཚད་བཅས་ཁྱོན་ཡོངས་ནས་དུས་ཡུན་འབྲིང་རིང་གི་འཆར་འགོད་རྩ་གནད་དམིགས་ཚད་དུ་བསླེབས་པ་བྱས་ནས་སློབ་གསོ་དེང་རབས་ཅན་དུ་མངོན་འགྱུར་ཡོང་བ་བྱེད་དགོས།
            ལི་ཁྲང་ཕིང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ལ།གཞི་རྩའི་ཐོག་ནས་གཞོན་ནུ་དར་མ་ཡིག་རྨོངས་སེལ་བ་དང་།གཞི་རྩའི་ཐོག་ནས་འོས་འགན་སློབ་གསོ་ཁྱབ་སྤེལ་གཏོང་རྒྱུའི་གཞི་རྩའི་ལས་འགན་གཉིས་སྲ་བརྟན་ངང་སྐུལ་འདེད་བཏང་ཡོད། རྨང་གཞིའི་སྒྲིག་ཆས་ཕྱོགས་ཡོངས་ནས་ལེགས་བཅོས་དང་། བཅའ་སྡོད་སློབ་གསོ་འཕེལ་རྒྱས་ཇེ་མགྱོ གསདང་། རྒྱུན་ཆད་མེད་པར་སློབ་ཁྲིད་སྒྲིག་ཆས་གསར་སྒྱུར་བྱས་ཡོད། འགན་སྲུང་འཇོན་ནུས་ཇེ་དྲག་ཡོང་བ་དང་ལས་རིགས་སློབ་གསོ་འཕེལ་རྒྱས་ཇེ་མགྱོ གས་བྱུང་ཡོད། མཐོ་རིམ་སློབ་གསོའི་དངོས་གཞི་ཚན་ཁག་འཕར་ཚད་རྒྱ་སྐྱེད་གཏོང་བ་དང་།སློབ་གསོའི་སྤུས་ཚད་བརྟན་བརླིང་མཐོར་འདེགས་ཡོང་བ་སོགས་ཕྱོགས་བརྒྱད་ཀྱི་ཐད་ནས་བལྟས་ན། ཏང་སྲིད་ཀྱིས་རྩིས་མཐོང་ནི་གཞི་རྩའི་འགན་ལེན་ཡིན་པ་དང་བཅའ་སྡོད་སློབ་གསོ་ནི་གཞི་རྩའི་ཀ་རྟེན་ཡིན་པ། བསྒྱུར་བཅོས་གསར་གཏོད་ནི་གཞི་རྩའི་སྒུལ་ཤུགས་ཡིན་པ་རེད།
            ཚོགས་ཆེན་ཐོག་ཏུ་ལི་ཁྲང་ཕིང་གིས་སློབ་གསོའི་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་དམིགས་ཚད་གསལ་པོ་བཏོན་པ་སྟེ།  ལོ་གཉིས་ལ་རྨང་གཞི་འདིང་བ་དང་ལོ་ལྔ་ལ་འཕེལ་རྒྱས་གཏོང་བ། ལོ་བཅུ་ལ་མཆོང་བརྒལ་བྱེད་དགོས།   2012ལོར་སླེབས་སྐབས་ལོ་དགུའི་འོས་འགན་སློབ་གསོའི་སྲ་བརྟན་བྱུང་ཚད་བརྒྱ་ཆ93ལས་མི་དམའ་བ་དང་།ཞིང་སྡེ་དང་འབྲོག་ཁུལ་དུ་སྐད་གཉིས་བྱིས་བཅོལ་ཁང་འབོར་ཆེན་བསྐྲུན་རྒྱུ་དང་།   གཞུང་འཛུགས་སློབ་སྔོན་སློབ་གསོའི་འགོ་ཚུགས་ཏེ་སློབ་སྔོན་གྱི་ལོ་གཅིག་སྔོན་སློབ་གྲྭར་ཞུགས་ཚད་བརྒྱ་ཆ50ལ་ཟིན་པ་དང་།  སློབ་སྔོན་གྱི་ལོ་གསུམ་སྔོན་སློབ་གྲྭར་ཞུགས་ཚད་བརྒྱ་ཆ35ལ་ཟིན་པ་བྱ་རྒྱུ།  དཔེར་སྟོན་རང་བཞིན་གྱི་མཐོ་རིམ་སློབ་འབྲིང་ཚན་པ་གཅིག་རྒྱས་སྐྲུན་བྱས་ནས་མཐོ་རིམ་སློབ་འབྲིང་དུས་རིམ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ70ལ་ཟིན་པ་བྱེད་དགོས།  2015ལོར་སླེབས་ཚེ་སློབ་སྔོན་གྱི་ལོ་གཅིག་སྔོན་སློབ་གྲྭར་ཞུགས་ཚད་བརྒྱ་ཆ70ཟིན་པ་དང་།  སློབ་སྔོན་གྱི་ལོ་གསུམ་སྔོན་སློབ་གྲྭར་ཞུགས་ཚད་བརྒྱ་ཆ55ལ་ཟིན་པ། མཐོ་རིམ་སློབ་འབྲིང་དུས་རིམ་དུ་སློབ་མ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ80ལ་ཟིན་པ་བྱེད་དགོས།  2020ལོར་སླེབས་ཚེ་སློབ་སྔོན་གྱི་ལོ་གཅིག་སྔོན་སློབ་གྲྭར་ཞུགས་ཚད་བརྒྱ་ཆ95ཟིན་པ་དང་།  སློབ་སྔོན་གྱི་ལོ་གསུམ་སྔོན་སློབ་གྲྭར་ཞུགས་ཚད་བརྒྱ་ཆ75ལ་ཟིན་པ།
            མཐོ་རིམ་སློབ་འབྲིང་དུས་རིམ་དུ་སློབ་མ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ90ལ་ཟིན་པ་བྱེད་དགོས། མཐོ་རིམ་གྱི་སློབ་ཞུགས་རགས་ཚད་བརྒྱ་ཆ90ལ་ཟིན་པ།ལི་ཁྲང་ཕིང་གིས་ནན་གསུང་གནང་རྒྱུར།གོང་སྨོས་ཀྱི་དམིགས་ཚད་དེ་དག་མངོན་འགྱུར་བྱེད་དགོས་ན་གཤམ་གསལ་ཕྱོགས་འགའི་ཐད་ཀྱི་ལས་དོན་ཡག་པོར་བསྒྲུབ་དགོས། གཅིག་ནི་བྱིས་བཅོལ་ཁང་བཀོད་སྒྲིག་བྱེད་ཚུལ་གྱི་འཛུགས་སྐྲུན་ནན་འཛིན་དང་སློབ་ནར་མ་སོན་གོང་གི་སློབ་གསོ་ཡོངས་ཁྱབ་ཤུགས་ཆེན་གཏོང་དགོས། གཉིས་ནི་སྤུས་ལེགས་ཀྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྱོང་དམ་འཛིན་བྱེད་དགོས་ལ་འོས་འགན་སློབ་གསོ་ཆ་སྙོམས་འཕེལ་རྒྱས་གཏོང་དགོས། གསུམ་ནི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་སློབ་འབྲིང་བསྐྲུན་རྒྱུར་དམ་འཛིན་བྱས་ནས་མཐོ་རིམ་སློབ་འབྲིང་གི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། བཞི་ནི་9+3སློབ་ཡོན་མི་དགོས་པའི་སློབ་གསོ་དམ་འཛིན་བྱས་ནས་ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ལྔ་ནི་ཞིང་འབྲོག་ཁུལ་གྱི་སྐད་གཉིས་སློབ་གསོར་དམ་འཛིན་བྱས་ནས་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་དགོས། དྲུག་ནི་སྤྱི་ཚོགས་ཀྱི་ཁ་གསབ་སློབ་གསོ་དམ་འཛིན་བྱས་ནས་ཧུར་བརྩོན་གྱིས་དམིགས་བསལ་སློབ་གསོ་ཡག་པོར་སྤེལ་དགོས། བདུན་ནི་སློབ་གྲྭ་དང་ཁུལ་གྱི་སློབ་གསོ་མཉམ་ལས་དམ་འཛིན་བྱས་ནས་མཐོ་རིམ་སློབ་གསོ་འཕེལ་རྒྱས་གང་ལེགས་གཏོང་དགོས། བརྒྱད་ནི་དམངས་ཡོངས་ཀྱིས་རྒྱུན་མཐུད་སློབ་གསོ་དམ་འཛིན་བྱས་ནས་ཧུར་བརྩོན་གྱིས་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་སྒྲིག་འཛུགས་བྱེད་དགོས།
            ཅང་ཧྲུའུ་ལིན་གྱིས་ཞིང་ཆེན་སློབ་གསོ་ཐིང་གི་སྐྲུ་ཚབ་མཛད་ནས་དཀར་མཛེས་ཁུལ་གྱིས་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་འཚོག་པར་རྟེན་འབྲེལ་ཞུས་ཤིང་ཉེ་བའི་ལོ་ཤས་རིང་ལ་རང་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་གདེང་འཇོག་མཐོན་པོ་མཛད་པ་དང་་།   མ་འོངས་པའི་ལོ་བཅུའི་སློབ་གསོ་འཆར་འགོད་ནི་དོན་དངོས་དང་འཚམ་ཞིང་ཁ་ཕྱོགས་གསལ་བ་དང་གཙོ་གནད་འབུར་དུ་ཐོན་པ་བཅས་ཡིན་པར་བསྔགས་བརྗོད་མཛད་པ་རེད།   ཁོང་གིས་དཀར་མཛེས་ཁུལ་གྱིས་སློབ་གསོ་འཕེལ་རྒྱས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་གཅིག་ནི་སློབ་གསོ་འཕེལ་རྒྱས་སྔོན་དུ་གཏོང་བར་སྐུལ་སྤེལ་དང་།   གཉིས་ནི་སློབ་གསོའི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་ཤུགས་ཆེན་གཏོང་བ།  གསུམ་ནི་སློབ་གསོ་འདྲ་མཉམ་སྐུལ་སྤེལ་དོན་འཁྱོལ་ཡོང་བ།   བཞི་ནི་ཤེས་ལྡན་མི་སྣའི་གསོ་སྐྱོང་སྤུས་ཚད་མཐོ་འདེགས་གཏོང་བ།   ལྔ་ནི་ཧུར་བརྩོན་བརྟན་བརླིང་གིས་ངང་སློབ་གསོ་བཅོས་བསྒྱུར་ཚོད་ལྟ་སྐུལ་སྤེལ་གཏོང་བ་བཅས་ཀྱི་བླང་བྱ་དང་རེ་འདུན་བཏོན་པ་རེད།
            ཚོགས་ཆེན་ཐོག་རང་ཁུལ་ཁུལ་ཕུལ་བྱུང་སློབ་གཙོ་དང་ཕུལ་བྱུང་དགེ་རྒན། ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་དགེ་རྒན་འཐུས་ཚབ་ལ་གཟེངས་བསྟོད་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།