logo

ཧ་ཧྥེ་བོད་ལྗོངས་འཛིན་གྲྭའི་སློབ་མ་རྣམས་ལ་རང་ཉིད་ཀྱི་དཔེ་མཛོད་ཁང་ཡོད་པ།

རྩོམ་པ་པོ།:ཉི་མ་ཚེ་རིང་གིས་བསྒྲིགས། ཡོང་ཁུངས།:ཤིན་ཧྭ་གསར་འགྱུར་ཁང་། དུས་ཚོད།:2011-04-26 ཀློག་གྲངས།:


བོད་ལྗོངས་འཛིན་གྲྭའི་སློབ་མ་བློ་བཟང་བདེ་སྐྱིད་ཀྱིས་དཔེ་མཛོད་ཁང་དུ་རང་ཉིད་ཀྱིས་དགའ་པོ་བྱེད་པའི་དེབ་འདེམས་བཞིན་པ།


སློབ་མ་ཡེ་ཤེས་བསྟན་འཛིན་དང་འཇིགས་མེད་དབང་ཕྱུག་གིས་དཔེ་མཛོད་ཁང་ནང་དེབ་གསར་པ་འདེམས་བཞིན་པ།


བོད་ལྗོངས་འཛིན་གྲྭའི་སློབ་མ་གཉིས་ཀྱིས་དཔེ་མཛོད་ཁང་ནང་དུས་དེབ་ལྟ་ཀློག་བྱེད་བཞིན་པ།


སློབ་མ་ནོར་བུས་སློབ་གྲོགས་དང་མཉམ་དུ་དཔེ་མཛོད་ཁང་ནང་དཔེ་དེབ་གསར་པ་ལྟ་ཀློག་བྱེད་བཞིན་པ།

           སྤྱི་ཚེས23ཉིན་ནི“འཛམ་གླིང་དཔེ་ཀློག་ཉིན་མོ”ཡིན་པ་དང་། ཧ་ཧྥེ་ལོ་ཆུང་བྱིས་པའི་དཔེ་མཛོད་ཁང་གིས་ཧ་ཧྥེ་གྲོང་ཁྱེར་སློབ་འབྲིང་35པའི་ནང་ཡན་ལག་དཔེ་མཛོད་ཁང་བཙུགས་པ་དང་། དེ་གར་སློབ་སྦྱོང་བྱེད་བཞིན་པའི་བོད་ལྗོངས་འཛིན་གྲྭའི་སློབ་མ་400ལྷག་ཙམ་ལ་བོད་ཡིག་གི་དཔེ་དེབ་དང་ཕུན་སུམ་ཚོགས་པའི་ལོ་ཆུང་བྱིས་པའི་ཀློག་དེབ་མཁོ་འདོན་བས་ཤིང་། བོད་ལྗོངས་འཛིན་གྲྭའི་ཕྲུ་གུ་རྣམས་ཀྱི་སློབ་གསེང་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།