logo

བོད་རིགས་རྩོམ་པ་པོ་ཚེ་བརྟན་ལ་རྩོམ་རིག་བྱ་དགའ་ཐོབ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-22 ཀློག་གྲངས།:

            ཟླ4ཚེས19ཉིན།  《མཚོ་སྔོན་པོ》རྩོམ་སྒྲིག་ཁང་གིས་སྤེལ་པའི2010ལོའི《མཚོ་སྔོན་པོ》རྩོམ་རིག་བྱ་དགའ་ཐོབ་མཁན་གསལ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་རྩོམ་པ་པོ་ཚེ་བརྟན་གྱི་བརྩམས་སྒྲུང《ཚེ་བརྟན་བརྩམས་སྒྲུང་གསར་བ》ཞེས་པའི་མིང་ཐོའང་ཐེངས་འདིའི་བྱ་དགའི་གྲས་སུ་འཚུད་ཅིང་།  《བྱང་ཆུབ》ཞེས་པའི་སྒྲུང་འབྲིང་གཅེས་བསྡུས་ཀྱང་པར་སྐྲུན་བྱས་པ་རེད། 
            《མཚོ་སྔོན་པོ》འི་རྩོམ་རིག་བྱ་དགའ་ནི2003ལོར་འགོ་བཙུགས་ཤིང་།  གསར་གཏོད་དང་ལེགས་བཅོས་ལས་འཕེལ་པའི་འབྲས་བུ་ཁྱད་དུ་འཕགས་པའི་རྩོམ་རིག་བརྩམས་ཆོས་ལ་བྱ་དགའ་གནང་གིན་ཡོད་ཅིང་།  ད་ལྟའི་བར་དུ་ཞིང་ཆེན་ཕྱི་ནང་གི་རྩོམ་པ་པོ40ལྷག་ལ་རྩོམ་རིག་བྱ་དགའ་འདི་གནང་བ་རེད།
            ཚེ་བརྟན་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་སློབ་གླིང་གི་རིག་གཞུང་དུས་དེབ་ཀྱི་གཙོ་སྒྲིག་པ་ཡིན་ཞིང་། ཉེ་ལམ།  མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་ཁོའི་སྒྲུང་འབྲིང་གཅེས་བསྡུས《བྱང་ཆུབ》ཞེས་པ་དཔེ་སྐྲུན་མཛད་པ་དང་།  མིང་དུ་གྲགས་པའི་རྩོམ་པ་པོ་ཨ་ལེ་ཡིས《བྱང་ཆུབ》ཞེས་པའི་སྔོན་འགྲོའི་ནང“ཚེ་བརྟན་གྱི་བརྩམས་སྒྲུང་ལས་ཆོས་ལུགས་འདུ་ཤེས་དང་།  མི་རིགས་རིག་གནས།  ས་གནས་ཀྱི་ཁྱད་ཆོས་འབུར་དུ་བཏོད་ཡོད་ཅིང་།  མཚོ་བོད་མཐོ་སྒང་གི་མིའི་འཚོ་བ་རོལ་སྟངས་དང་།  བསམ་བློ།  མི་རིགས་ཀྱི་བསམ་པའི་འཁྱེར་སོ་སོགས་མཚོན་པར་བྱས་ལ།  ཚེ་བརྟན་གྱི་བརྩམས་ཆོས་ནི་ངེས་པར་དུ་མིའི་རིགས་ཀྱི་སེམས་རྒྱུད་འཕེལ་ཁ་དང་འཐིམ་ཏེ་མིའི་རིགས་མཉམ་གནས་ཀྱི་ཕྱིར་དྲན་རིང་མོ་ཞིག་ཏུ་འགྱུར་ངེས་ཡིན”ཞེས་བྲིས་ཡོད།


འབྲེལ་ཡོད་འོས་སྦྱོར།