logo

«མཚོ་སྔོན་པོ»ཞེས་པའི་དུས་དེབ་ཐེངས་ལྔ་བརྒྱ་ལ་སྤེལ་བའི་རྟེན་འབྲེལ་མཛད་སྒོ་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ།:ཕྱུག་ལོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-04-20 ཀློག་གྲངས།:

            མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཚེས་བཅུ་དགུ་ཉིན་རྩོམ་རིག་དུས་དེབ«མཚོ་སྔོན་པོ»ཞེས་པ་སྤེལ་ནས་ལོ་འཁོར་ང་ལྔ་ལོན་པ་དང་དུས་དེབ་ཐེངས་ལྔ་བརྒྱ་ལ་སྤེལ་བའི་རྟེན་འབྲེལ་མཛད་སྒོ་བསྡུས།
             «མི་དམངས་རྩོམ་རིག»དང«དེང་རབས» «པེ་ཅིན་རྩོམ་རིག» «བརྩམས་སྒྲུང་ཟླ་དེབ»སོགས་ཚགས་པར་ཁང་དང་ཞིང་ཆེན་ཕྱི་ནང་གི་རྩོམ་པ་པོ་དང་། སྒྱུ་རྩལ་པས་རྟེན་འབྲེལ་འཕྲིན་ཡིག་བསྐུར་བ་དང་རྟེན་འབྲེལ་གློག་འཕྲིན་བཏང་ནས«མཚོ་སྔོན་པོ»ཞེས་པའི་དུས་དེབ་སྤེལ་ནས་ལོ་འཁོར་ང་ལྔ་ལོན་པ་དང་དུས་དེབ་ཐེངས་ལྔ་བརྒྱ་ལ་སྤེལ་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། རྩོམ་པ་པོ་དང་སྙན་ངག་པ། དཔྱད་བརྗོད་པ། རྩོམ་སྒྲིག་པ། གསར་འགོད་པ་བརྒྱ་ཙམ«〈མཚོ་སྔོན་པོ〉དུས་དེབ་ཐེངས་ལྔ་བརྒྱར་སྤེལ་བའི་བརྩམས་ཆོས་བདམས་བཀོད»ཅེས་པའི་དཔེ་ཚོགས་ཐོག་མར་འགྲེམ་པའི་མཛད་སྒོ་དང་བཞུགས་མོལ་ཚོགས་འདུ་སོགས་ལ་ཞུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མ་ཅ་མཛད་སྒོར་ཞུགས་ཏེ་གཏམ་བཤད།
            མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་རྩོམ་རིག་དུས་དེབ་གཅིག་པུ་སྟེ«མཚོ་སྔོན་པོ»ནི་གཅིག་སྟོང་དགུ་བརྒྱ་ང་དྲུག་ལོ་ནས་བཟུང་སྤེལ་བ་དང་། སྐབས་དེར་མིང་ལ«མཚོ་སྔོན་རྩོམ་རིག་སྒྱུ་རྩལ»ཟེར་ལ། གཅིག་སྟོང་དགུ་བརྒྱ་ང་བདུན་ལོའི་ཟླ་དང་པོ«་མཚོ་སྔོན་པོ»ཞེས་པར་མིང་བརྗེ།


འབྲེལ་ཡོད་འོས་སྦྱོར།