ཞིན་ཏའོ་ཅིན་ཀྲི་ཡིས་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་རིག་གཞུང་འཆད་ཁྲིད་གནང་བ།
དགེ་རྒན་ཆེན་མོ་ཞིན་ཏའོ་ཅིན་ཀྲི།
2011ལོའི་ཟླ3ཚེས31ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གདན་ཞུས་ལྟར་མིང་དུ་གྲགས་པའི་ནང་བའི་བསྟན་བཅོས་རིག་པ་བ་དང་། འཇར་པན་ཁྲོང་ཅེ་སློབ་ཆེན་རྒྱལ་སྤྱིའི་ནང་བསྟན་མཐོ་རིམ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཞིན་ཏའོ་ཅིན་ཀྲིས་ཁ་བྱང་ལ“ཧོ་ཐེན་གྱི་ས་འོག་ནས་བྱུང་བའི་《དམ་པའི་ཆོས་པད་མ་དཀར་པོའི་མདོ་》ཡི་བོད་འགྱུར་རྙིང་མ་དང་བཀའ་འགྱུར་ཁྲོད་དུ་བཞུགས་པའི་བོད་འགྱུར་མ་གཉིས་ཀྱི་སྐད་བརྡ་དཔྱད་བསྡུར”ཞེས་པའི་རིག་གཞུང་འཆད་ཁྲིད་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཞིན་ཏའོ་ཅིན་ཀྲིས2005ལོ་ནས2008ལོའི་བར་དཔེ་སྐྲུན་བྱས་པའི་རིག་གཞུང་དུས་དེབ།
དགེ་རྒན་ཆེན་མོ་ཞིན་ཏའོ་ཅིན་ཀྲི་ཡིས་དུས་ཡུན་རིང་བོར་ནང་བའི་བསྟན་བཅོས་རིག་པའི་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ལས་ཀ་གནང་བཞིན་ཡོད། ཁོང་གིས་ཐེངས་འདིའི་འཆད་ཁྲིད་ཐོག་པར་རིས་དང་ཡི་གེ་སྦྲགས་མའི་རྣམ་པ་སྤྱད་ནས་པར་གཞི་སྣ་ཚོགས་པའི《དམ་པའི་ཆོས་པད་མ་དཀར་པོའི་མདོ་》ལ་པར་ཞུ་དཔྱད་བསྡུར་དང་ཞིབ་འཇུག་བྱས་འབྲས་འགྲེམས་སྟོན་གནང་། འཆད་ཁྲིད་གནང་བའི་དུས་མཚུངས་སུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཨོ་སི་ཁྲུ་རི་ཡ་ཚན་རིག་གླིང་གཉིས་ཀྱིས་མཉམ་ལས་དཔེ་སྐྲུན་བྱས་པའི་《དམ་པའི་ཆོས་པད་མ་དཀར་པོའི་མདོ་》ལེགས་སྦྱར་ཡི་གེའི་ཕབ་སྒྱུར་པར་གཞིའི་དོན་སྙིང་གལ་ཆེན་ལ་གདེང་འཇོག་ཚད་མཐོན་པོར་གནང་བ་རེད།
འཆད་ཁྲིད་ནང་དོན།
ཞིན་ཏའོ་ཅིན་ཀྲི་དང་འཆད་ཁྲིད་ཉན་མཁན་གྱི་མཁས་པ་རྣམས་དཔྱད་བསྡུར་བྱེད་བཞིན་པ།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གི་འགོ་འཛིན་ལི་ཏི་ཁྲིན་གྱིས་འཆད་ཁྲིད་གཙོ་སྐྱོང་གནང་བ་དང་། ལྟེ་གནས་ཀྱི་ཞིབ་འཇུག་མི་སྣ་དང་འབྲེལ་ཡོད་མཐོ་རིམ་སློབ་གྲྭའི་མཁས་པ་སོགས་འཆད་ཁྲིད་ལ་གསན་པ་རེད།