གཟི་ཚ་སྡེ་དགུ་རྫོང་གིས་ཞིང་སྡེའི་གནས་སྐོར་ལས་གཉེར་མི་སྣར་གསབ་སྦྱོང་བྱས་པ།
ཉེ་སྔོན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་རྫོང་གིས“2011ལོའི་གནས་སྐོར་ཞབས་ཞུའི་ནུས་རྩལ་གསབ་སྦྱོང་འཛིན་གྲྭ”ཞིག་བསྡུས་པ་དང་། ཐེངས་འདིའི་གསབ་སྦྱོང་དུས་ཡུན་ཉིན15རིང་བསྡུར་རྒྱུ་ཡིན་ལ། རྫོང་ཡོངས་ཀྱི་ཞིང་སྡེ་གནས་སྐོར་ལས་གཉེར་མི་སྣ100གསབ་སྦྱོང་ལ་ཞུགས་རྒྱུ་རེད།
གསབ་སྦྱོང་འཛིན་གྲྭས་གསབ་སྦྱོང་སྡེ་ཁག་གི་ཆེད་ལས་དགེ་རྒན་གདན་འདྲེན་ཞུས་ཏེ“ཤང་སྡེའི་ཁྱད་ལྡན་གནས་སྐོར་གསར་སྤེལ”དང“གཟི་ཚ་སྡེ་དགུའི་ལོ་རྒྱུས་རིག་གནས”དང“སྣེ་ལེན་ཞབས་ཞུའི་ནུས་རྩལ”དང“བཟའ་ཆས་བདེ་འཇགས་ཤེས་བྱ”དང“བཟའ་བཏུང་ཞབས་ཞུའི་ནུས་རྩལ་སྦྱོང་བརྡར”དང“རྔ་བ་ཁུལ་ལ་རྒྱུས་ལོན་བྱེད་པ”དང“སྤྱི་སྐད་སྦྱོང་བརྡར་བྱེད་པ”དང“སྣེ་ལེན་ཁང་། མགྲོན་ཁང་། བཟའ་བཏུང་ཞབས་ཞུ”སོགས་ནང་དོན་ཐད་གསབ་ཞུགས་མི་སྣར་ཁྱོན་ཡོངས་ནས་འཐུས་སྒོ་ཚང་ཞིང་མ་ལག་ལྡན་པའི་སྒོ་ནས་གསབ་སྦྱོང་བྱེད་རྒྱུ་རེད།
ཐེངས་འདིར་བསྡུས་པའི་གསབ་སྦྱོང་འཛིན་གྲྭའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་གནས་སྐོར་ཞབས་ཞུ་ལས་རིགས་ཚད་ལྡན་ཅན་དུ་བཏང་ནས། དོ་དམ་དང་འཛུགས་གཉེར་བྱེད་མཁས་པའི་ཞིང་སྡེ་གནས་སྐོར་ཞབས་ཞུའི་རུ་ཁག་ཅིག་གསོ་སྐྱོང་བྱས་ཏེ། ཕྱོགས་ཡོངས་ནས་གཟི་ཚ་སྡེ་དགུའི་གནས་སྐོར་ཞབས་ཞུའི་རྣམ་པ་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་དེ་རེད།