འཛམ་གླིང་གི་རིག་གནས་ཁྲོད་བོད་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ལ་གསོན་ཤུགས་གསར་བ་རྒྱས་པ།
《གེ་སར་སྒྲུང》ནི་ད་ལྟ་འཛམ་གླིང་སྟེང་གི་གླུ་མ་ངག་གི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཞིག་ཡིན། མི་རིགས་ཀྱི་རིག་གནས་རྩ་ཆེན་སྲུང་སྐྱོབ་བྱ་ཆེད། ལོ་རབས80བ་ནས་བཟུང་རྒྱལ་ཁབ་ཀྱིས་ཆེད་དུ《གེ་སར་སྒྲུང་》མྱུར་སྐྱོབ་བྱེད་པའི་གཞུང་སྒྲུབ་ཁང་བཙུགས་ཏེ། དག་སྒྲིག་མྱུར་སྐྱོབ་མཛད། གེ་སར་གྱི་ངག་རྒྱུན་དང་སྒྲུང་བ་ཇེ་ཉུང་དུ་འགྲོ་བ། སྒྱུ་རྩལ་ཉམས་རྒུད་དུ་འགྲོ་བའི་བཅས་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་ཆེད། 《གེ་སར་སྒྲུང་》མྱུར་སྐྱོབ་གཞུང་སྒྲུབ་ཁང་གིས་སྒྲ་ཕབ་དང་། དག་སྒྲིག དཔེ་སྐྲུན་བཅས་ཀྱི་བྱ་བ་སྒྲུབ་འགོ་བརྩམས་པ་རེད། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་དམངས་སྲོལ་ཞིབ་འཇུག་ཁང་གི་འགོ་གཙོ་ཚེ་རིང་ཕུན་ཚོགས་ཀྱིས་འདི་སྐད། ད་ལྟའི་བར་དུ་སྒྲུང་པས་བཤད་པའི་སྒྲུང་ཕབ་ལེན་བྱས་པ་དེ་དུས་ཚོད་ལྟར་རྩིས་ན་ཆུ་ཚོད5000ཙམ་ལ་ཕབ་ལེན་བྱས་ཡོད། སྒྲུང་པ་ཞིག་གིས་བཤད་པའི་སྒྲུང་ཅུང་ཆ་ཚང་ལ། དེར་ང་ཚོས་ཁྱོན་སྡོམ་ཆུ་ཚོད2114ལ་ཕབ་ལེན་བྱས་པ་དང་། ལེའུ45དང་དེབ49ཡོད་པས། འཛམ་གླིང་སྟེང་ལོ་རྒྱུས་སྙན་ངག་ཆེས་རིང་བའི་ཟིན་ཐོའི་ཡང་རྩེར་སོན་པ་དང་། ད་ལྟའི་བར་དུ་སྒྲུང་པས་གེ་སར་སྒྲུང་ཆ་ཚང་བཤད་པའི་སྟོང་ཆ་བསྐངས་པ་རེད་ ཅེས་ཟེར།
ཉེ་བའི་ལོ་ལྔའི་རིང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་སྔ་གཞུག་ཏུ་སྲུང་སྐྱོབ་གྲོན་དངུལ་ཁྱོན་སྡོམ་སྒོར་ཁྲི2400ལྷག་བཏང་སྟེ། བོད་ལྗོངས་ཀྱི་རིམ་པ་ཁག་གི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་བརྩམས་ཆོས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ཐད་བཀོལ་བ་རེད།2009ལོར་གེ་སར་སྒྲུང་དང་བོད་ཀྱི་ལྷ་མོའི་ཟློས་གར་བཅས་མི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་ཅན་གྱི་མིང་ཐོའི་གྲས་སུ་བདམས་པ་དང་། གནའ་བོའི་མི་རིགས་འདིའི་རིག་གནས་དེ་ཉིད་ལ་འཛམ་གླིང་གི་རིག་གནས་ཁྲོད་ཡང་བསྐྱར་གསོན་ཤུགས་གསར་བ་ཞིག་རྒྱས། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་རེན་ཧྲུའུ་ཆོང་གིས་འདི་སྐད། ལོ་ལྔ་ཚན་བཅུ་གཉིས་པའི་ནང་དུ། ང་ཚོས་མུ་མཐུད་དུ་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ལས་གཞི་ལ་ཤུགས་སྣོན་བརྒྱབ་ཏེ། ལོ་ལྔ་ཚན་བཅུ་གཉིས་པའི་མཇུག་ཏུ་རྒྱལ་ཁབ་ཀྱི་རྣམ་གྲངས100ལྷག་ལ་ཟིན་ཐུབ་པ་དང་། རང་སྐྱོང་ལྗོངས་ཀྱི་རྣམ་གྲངས300ལྷག་ལ་ཟིན་པ་བྱས་ཁར། ང་ཚོའི་བོད་ལྗོངས་དེ་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་བྱ་ཡུལ་ཞིག་ཏུ་བསྐྲུན་པར་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།
-
《གེ་སར་སྒྲུང》ནི་ད་ལྟ་འཛམ་གླིང་སྟེང་གི་གླུ་མ་ངག་ག...